154615_165917713442867_111442515557054_362594_4746227_s1

December 3rd, 2010

བཀའ་བློན་ཁྲི་བའི་འོས་མི་བློ་བཟང་སེང་གེ་ལགས།

བཀའ་བློན་ཁྲི་བའི་འོས་མི་བློ་བཟང་སེང་གེ་ལགས།

བཀའ་བློན་ཁྲི་བའི་འོས་མི་བློ་བཟང་སེང་གེ་ལགས།



2 Comments so far ↓

  1. ཡ་ངས་དེ་རིང་གོ་སྐབས་འདི་བཟུང་ནས་བསམ་ཚུལ་ཁ་ཤས་ཞིག་ཞུ་འདོད་བྱུང་།
    གོང་འཁོད་ཀྱི་པར་རིས་འདི་གཉིས་མ་འོང་བོད་ཀྱི་བཀའ་བློན་ཁྲི་བའི་འོས་མིར་ནང་ཞུགས་ནས་དེང་སང་འཛམ་བུ་གླིང་གི་འགྲོ་སྟངས་ལྟར་ངས་འཇོན་རབས་དང་ངས་ཤེས་རབས་སོགས་རང་ཉིད་རང་གིས་སྒྲོགས་པའི་དུས་ཚོད་ཞིག་རེད། ཚང་མས་མཁྱེན་བཞིན་དུ་ང་ཚོའི་བོད་ཀྱི་གཤིས་ཀ་རུ་རང་ཉིད་རང་གིས་སྒྲོགས་པ་ཕར་ཞོག་མི་གཞན་གྱིས་གང་ཟག་དེ་ཉིད་ཀྱི་ཁྱད་ཆོས་དང་ཡོན་ཏན་སོགས་བསྒྲགས་ནའང་དེ་ལ་འཚེར་སྣང་དང་རང་ཉིད་དམན་ས་བཟུང་ཞིང་གཞན་གྱི་ཡོན་ཏན་སོགས་ཁྱབ་བསྒྲགས་སོགས་བྱེད་ནས་བཀའ་གདམས་པའི་དགེ་བའི་གཤེས་གཉེན་རྣམས་ཀྱིས་གསུངས་པ་ལྟར། བདག་ཉིད་བྲན་གྱི་ཐ་མ་ལྟར། ཀུན་ལ་བྱ་བ་བྱེད་པར་ཤོག གསུངས་པའི་ནང་ཆོས་ཀྱི་ཚིག་དུམ་འདི་གཉིས་ཉམས་ལེན་ལ་གཏུགས་ནས་བསྡད་ཀྱི་ཡོད།
    ལར་ནི་བཤད་ཚད་ཐམས་ཅད་བདེན་པ་མིན་གསུངས་པ་ལྟར་ཁ་ནས་བཤད་ཚད་ཐམས་ཅད་བདེན་པར་ཡིན་ན། སངས་རྒྱས་ཀྱིས་མི་དགེ་བཅུ་ཞེས་ལུས་ངག་ཡིད་གསུམ་གྱི་ཐོག་ཏུ་ནང་ཚན་ངག་གི་མི་དགེ་བ་བཞི་ལས་རྫུན་ཞེས་གཅིག་ཏུ་བགྲངས་ནས་བཞག་གནང་པའི་དཀའ་ལས་དེ་འདྲ་མི་དགོས་སྙམ། མ་ཟད་དེང་སང་རང་ཉིད་ཀྱི་འཐོབ་དང་སྐད་གྲགས་ཁེ་གསང་སོགས་ཡོད་ན་ལམ་སེང་ངས་འཇོན་རབ་དང་ཤེས་རབ་སོགས་རང་གི་ཆེད་དུ་རང་ཉིད་སྒྲོགས་ནས་ས་ཕྱོགས་གང་སར་རྫུན་གྱི་འཁོར་ལོ་བསྐོར་ནས་ཁྦ་ཏ་གཡེར་བས་གཟི་བ་ནང་བཞིན་ངོ་ཚས་བྲལ་བའི་མི་མང་དཀྱུས་མ་འགོ་སྐོར་བསླུ་བྲིད་བྱེད་པ་འདི་ཧ་ཅང་ཐབས་རྡུག་ཞིག་རེད།
    མ་འོང་བོད་ཀྱི་བཀའ་བློན་ཁྲི་བ་རུ་ཕོ་མོ་དང་། སྐྱ་སེར་རྒན་གཞོན་གང་ལའང་མ་གཏོས་པར་དང་པོ་ནས་མེད་དུ་མི་རུང་བར་མི་གཞི་བཟང་པོ་ཞིག་དགོས་རྒྱུ་ཧ་ཅང་ནས་གལ་ཆེན་པོ་ཞིག་ཡིན། དེ་ནས་ཆོལ་ཁ་དང་ཆོས་ལུགས་ཀྱིས་མ་སླད་པར་ང་ཚོའི་བོད་རིགས་ཡོངས་ལ་སྙིང་ནས་གཅེས་པའི་ལྷག་བསམ་དང་དེས་དྲངས་པའི་སེམས་ཤུགས་བཅས་ཡིན། གལ་ཆེན་པོ་མེད་དུ་མི་རུང་བ་ཞིག་ལ་རྒྱལ་གཅེས་སོགས་དང་མ་ཟད་རང་རེའི་བཙན་བྱོལ་བོད་གཞུང་འདི་ལ་ཉམས་མྱོང་ཡོད་པ་ཞིག་དང་དེ་དང་ཆབས་གཅིག་ཏུ་བོད་ཀྱི་རིགས་གཞུང་གི་སྲོག་རྩ་བོད་ཡིག་དབུ་ཅན་དབུ་མེད་སོགས་འབྲི་འདོན་ལ་ཐོགས་པ་མེད་པ་ཞིག་དགོས་པ་དེ་བས་ཀྱང་གལ་ཆེར་མཐོང་།
    མདོར་བསྡུས་པའི་སྒོ་ནས་ཞུས་ན་གོང་འཁོད་ཀྱི་འོས་མི་གཉིས་པོ་གང་རུང་ཞིག་མ་འོང་པའི་སཀའ་བློན་ཁྲི་བ་རུ་ཡོངས་གཏན་ཁེལ་བས་གུས་པས་ཆོལ་ཁ་དང་ཆོས་ལུགས་ཀྱི་ཞེན་ཁོག་མེད་པར་བློ་གཟུ་་བོར་གནས་ནས་ལྟས་ན་ད་ལྟའི་བཀའ་བློན་ཁྲི་བ་དེ་བློ་བཟང་སེང་གེ་ལགས་ལ་རན་མི་འདུག་སྙམ།
    ཁོང་གནས་སྐབས་བཀའ་བློན་ཁྲི་བས་གདམས་པའི་བཀའ་བློན་དཔེར་ན་ཕྱི་དྲིལ་བཀའ་བློན་འདྲའམ་སྤྱི་འཐུས་གང་རུང་ཞིག་འོས་པ་འདུག། ད་ལྟའི་བཀའ་བློན་དེ་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་སུ་འོས་པ་འདུག།

  2. བསམ་ཚུལ་གསུངས་བར་ཐུགས་རྗེ་ཆེ།

བསམ་ཚུལ་འབྲི་རོགས།





*