གླེང་མོལ།

...now browsing by category

 

རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་ཅན་ཚོར་དམ་དྲག་བྱེད་བཞིན་པ།

Tuesday, November 22nd, 2011

རྒྱ་ནག་གཞུང་གིས་བོད་ནང་། རྩོམ་པ་པོ་མི་ཉུང་བ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད། མུ་མཐུད་ནས་རྩོམ་པ་པོ་དང་། ཤེས་ཡོན་ཅན་ཚོའི་ཐོག་དམ་དྲག་བྱེད་བཞིན་པའི་ཐད་ལ། ཕེན་ཕྱི་སྡོད་བོད་མིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་ལགས་དང་མཉམ་དུ་དཔལ་ལྡན་རྒྱལ་གྱིས་གླེང་མོལ་བྱས་ཡོད།lhamo-chap
སྦྲེལ་ཐག་འདིར་མཐུད་ནས་གསན་རོགས།

ཀིརྟི་རིན་པོ་ཆེ་ལ་བཅར་འདྲི།

Friday, November 4th, 2011

ཉེ་བའི་ཟླ་བ་ཁ་ཤས་རིང་ཨ་མདོ་རྔ་བ་གཙོས་པའི། བོད་གྱི་ས་ཁུལ་ཁག་ཅིག་ཏུ། རང་ལུས་མེ་བསྲེགས་བཏང་ནས། རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ། གཅིག་རྗེས་ཉིས་མཐུད་དུ་བྱས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགོན་བདག བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་བ་ ཀིརྟི་རིན་པོ་ཆེ་ལ་བཅར་འདྲི་ཞུས་ཡོད།

རྔ་བ་ཁུལ་དུ་རྒྱ་དམ་དྲག

Monday, April 18th, 2011

ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགོན་བདག་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་བ་ཀིརྟི་རིན་པོ་ཆེ་ཡིས།  རྒྱ་ནག་གི་འགོ་ཁྲིད་ཚོར་རྔ་བ་ཁུལ་དུ་དམ་དྲག་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་དང་།  མི་མང་ལ་སེམས་གསོའི་གསུང་འཕྲིན་གནང་ཡོད་པ། 

 

kirti-rinpoche

ཀིརྟི་རིན་པོ་ཆེ།

 དེ་བཞིན་རྔ་བ་ཁུལ་གྱི་ཛ་དྲག་གི་གནས་སྟངས་ཐད།   ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་། མཉམ་དུ་གླེང་མོལ་བྱས་པར་ཉན་རོགས་གནོངས

ང་ལ་རྨི་ལམ་ཞིག་ཡོད།

Monday, January 17th, 2011

ཟླ་བ་འདིའི་ཚེས༡༧་ཉིན་ནི་ཨ་རིའི་རྒྱལ་ཡོངས་སུ་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་གི་འཁྲུངས་སྐར་གུང་གསེང་དགའ་སྟོན་ཉིན་མོ་ཡིན། ཨ་རིའི་ནང་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་བྱེད་མཁན་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ནི་༡༩༢༩ལོའི་ཟླ་བ་དང་པོའི་ཚེས་༡༥་ཉིན་སྐུ་འཁྲུངས།  ༡༩༨༣་ལོར་ཨ་རིའི་གྲོས་ཚོགས་ཀྱིས་མང་མོས་ཐག་གཅོད་ལྟར།  ཨ་རིའི་སྲིད་འཛིན་རོ་ནོ་རྡུ་རུས་རྒན་གྱིས་ལོ་ལྟར་ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བའི་ཉིན་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ལ་བརྩི་བཀུར་མཚོན་ཆེད་རྒྱལ་ཡོངས་གུང་གསེང་ལ་གཏན་འབེབས་བྱས་པའི་ཁྲིམས་གཞི་མཚན་རྟགས་བཀོད།  ༡༩༨༦་ལོ་ནས་བཟུང་ལོ་ལྟར་ཟླ་བ་དང་པོའི་བདུན་ཕྲག་གསུམ་པའི་རེས་གཟའ་ཟླ་བའི་ཉིན་ཨ་རིའི་རྒྱལ་ཡོངས་སུ་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་གི་འཁྲུངས་སྐར་གུང་གསེང་དགའ་སྟོན་རོལ་བཞིན་ཡོད།
སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ནི་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་བརྟན་པོའི་ངང་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་ལ།  ༡༩༦༣ལོའི་ཟླ་བ་ ༨་ཚེས་༢༨་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱལ་ཡོངས་ཐང་ཆེན་དུ་མི་གྲངས་ཉིས་འབུམ་ལྷག་གིས་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་ཆེད་ཞི་བའི་གོམ་བགྲོད་གནང་སྐབས།  སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིས་ ༼ང་ལ་རྨི་ལམ་ཞིག་ཡོད།༽ཅེས་པའི་གསུང་བཤད་གནང་ཡོད།  གསུང་བཤད་འདི་ནི་ཕལ་ཆེར་སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིི་སྙན་གྲགས་ཆེ་ཤོས་ཀྱི་གསུང་བཤད་དེ་ཡིན་ལ། 
གསུང་བཤད་དེ་བོད་སྐད་ཐོག་ཉན་རོགས།

ང་ལ་རྨི་ལམ་ཞིག་ཡོད་ཅེས་པའི་གསུང་བཤད་བོད་ཡིག་ཐོག་གཟིགས་རོགས།

ཁོང་གིས་ནོར་བེལ་ཞི་བདེའི་གཟེངས་རྟགས་བཞེས་སྐབས་ཀྱི་གསུང་བཤད་ལ་གཟིགས་ན་གཤམ་གྱི་སྦྲེལ་ཐག་འདིར་མཐུད་རོགས

སྨོན་ལམ་ཚིག་མཛོད།

Friday, January 14th, 2011

སྨོན་ལམ་བོད་ཡིག་གསར་བཟོ་བྱེད་མཁན་བློ་བཟང་སྨོན་ལམ་ལགས་ཀྱིས་གློག་ཀླད་ནང་བེད་སྤྱོད་བྱེད་ཐུབ་པའི་སྨོན་ལམ་ཚིག་མཛོད་རིན་མེད་འགྲེམས་སྤེལ་བྱས་ཡོད་པ་དེའི་ཐད།   བློ་བཟང་སྨོན་ལམ་ལགས་དང་མཉམ་དུ་གླེང་མོལ་བྱས་པར་ཉན་རོགས་ཞུ། འདིར་མཐུད་རོགས།

བློ་བཟང་སྨོན་ལམ་ལགས་དང་མཉམ་དུ་གླེང་མོལ།

བློ་བཟང་སྨོན་ལམ་ལགས་དང་མཉམ་དུ་གླེང་མོལ།

དེང་སྐབས་བོད་གྱི་སྐད་ཡིག་གནས་འཕྲིན་དྲ་རྒྱའི་ནང་བེད་སྤྱོད་ཀྱི་ཚད་རིམ་གང་འདྲ་ཞིག་ལ་སླེབས་ཡོད་པ་དང་། དེའི་བྱེད་ནུས་ཐད་ལ་སྨོན་ལམ་བོད་ཡིག་གསར་བཟོ་བྱེད་མཁན་བློ་བཟང་སྨོན་ལམ་ལགས་དང་མཉམ་དུ་གླེང་མོལ་བྱས་པར་ཉན་རོགས་ཞུ། འདིར་མཐུད་རོགས།

བཀའ་བློན་ཁྲི་བའི་འོས་མི་གཉིས་དང་བགྲོ་གླེང་།

Friday, December 3rd, 2010
བཀའ་བློན་ཁྲི་བའི་འོས་མི་བློ་བཟང་སེང་གེ་ལགས།བཀའ་བློན་ཁྲི་བའི་འོས་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས།
 
 བཙན་བྱོལ་བོད་གཞུང་དབུས་འོས་བསྡུ་ལས་ཁུངས་ཀྱིས་བཀའ་བློན་ཁྲི་བའི་སྔོན་འགྲོ་འོས་བསྡུའི་གྲུབ་འབྲས་གསལ་བསྒྲགས་བྱས་ཡོད་པའི་ཁོངས་ནས་འོས་ཤོག་མང་ཤོས་ཐོབ་ཡོད་མཁན།   ཨ་རིའི་ཧར་ཝ་རྡུ་སློབ་གྲ་ཆེན་མོའི་ནང་ཉམས་ཞིབ་པའི་ལས་ཀ་བྱེད་མཁན་བློ་བཟང་སེང་གེ་ལགས་དང།   ཨ་རིའི་Stanford སློབ་གྲ་ཆེན་མོའི་ནང་དགེ་རྒན་བྱེད་བཞིན་པའི་བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ལགས་གཉིས་ལ་ཨེ་ཤ་ཡ་རླུང་འཕྲིན་ཁང་གིས་བཅར་འདྲི་བྱས་ཡོད་པར་ཉན་རོགས།  བཀའ་བློན་ཁྲི་བའི་འོས་མི་གཉིས་ལ་བཅར་འདྲི།

རྡ་སའི་སྲང་ལམ་གྱི་ཚོང་བ།

Friday, November 19th, 2010

རྒྱ་གར་རྡ་རམ་ས་ལ་ནི་བཙན་བྱོལ་བོད་གཞུང་གི་ལྟེ་གནས་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེའི་བཞུགས་གནས་ཡིན་ལ། བོད་མི་སྟོང་ཕྲག་ཁ་ཤས་ཀྱིས་འདས་པའི་ལོ་ལྔ་བཅུ་ཙམ་གྱི་རིང་གནས་འདི་རུ་འཚོ་རྟེན་འདྲ་མིན་བརྟེན་ནས་འཚོ་བ་རོལ་བཞིན་ཡོད་པ་རེད།

ཚོང་པ་དགེ་འདུན།

ཚོང་པ་དགེ་འདུན།

ལྷག་པར་དུ་བོད་ནས་གསར་དུ་འབྱོར་པ་མང་པོ་ཞིག་གིས་རྡ་སའི་མོག་ལོ་ནས་རྣམ་རྒྱལ་གྲྭ་ཚང་དང་། ༧གོང་ས་མཆོག་གི་ཕོ་བྲང་དུ་འགྲོ་སའི་ལམ་ཁ་རུ་ཚོང་རྫས་ཆུང་ངུ་རིགས་བཙོང་ནས་འཚོ་བའི་ཐབས་ལམ་བཙལ་བཞིན་འདུག ཉེ་ལམ་ང་རང་རྡ་རམ་ས་ལར་སླེབས་པའི་གོ་སྐབས་དང་བསྟུན་ནས་སྲང་ལམ་དེ་རུ་ཚོང་རྫས་ཆུང་ངུ་རིགས་བཙོང་ནས་འཚོ་བ་རོལ་བཞིན་པའི་དགེ་འདུན་ལགས་དང་མཉམ་དུ་ཁོང་གི་ཚོང་ལས་དང་།   འཚོ་བའི་གནས་སྟངས་སྐོར་ལ་བཅར་འདྲི་བྱས་པ་ཡིན།  ཚོང་བ་དགེ་འདུན་ལགས་ལ་བཅར་འདྲི།

རྩོམ་སྒྲིག་པ་འཛིན་བཟུང་དང་། ནང་མིའི་དཀའ་སྡུག

Friday, October 8th, 2010

ཟླ་འདིའི་ཕྱི་ཚེས་༡ ཉིན་ཨ་མདོ་རྔ་བ་ནས་ཡིན་པའི་རྩོམ་པ་པོ་དང་།  སློབ་གྲའི་དགེ་རྒན་ཇོ་ལེབས་ཟླ་བ་ལགས། རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནང་འཛིན་བཟུང་བྱས་ཏེ། ད་ཆར་རྔ་བ་ཁུལ་ཁྲོ་ཆུ་རྫོང་དུ་བཀག་ཉར་བྱས་ཡོད་འདུག 

ཇོ་ལེབས་ཟླ་བ།

ཇོ་ལེབས་ཟླ་བ།

ཇོ་ལེབས་ཟླ་བ་ལགས་ལོ་ཤས་སྔོན་ལ་རྔ་བ་ནས་པགས་རིགས་ཀྱི་རྒྱན་གོས་མེ་བསྲེགས་གཏོང་སྐབས། ལས་འགུལ་སྣེ་ཁྲིད་པའི་དོགས་གཞིའི་འོག་ཟླ་གཅིག་ཙམ་རིང་རྔ་བ་རྫོང་དུ་བཀག་ཉར་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་སུ་ཡང་དོགས་ཡོད་ཉེས་ཅན་དུ་རྩིས་ཏེ། ལོ་དེའི་ཕྱི་ཟླ་༣ ཚེས་༡༦ ཉིན་གྱི་ཞོགས་པར་རང་ཁྱིམ་ནས་འཛིན་བཟུང་བྱས་ཏེ་ཟླ་བ་ཁ་ཤས་རིང་བཀག་ཉར་བྱས་ཡོད། རྩོམ་པ་པོ་ཇོ་ལེབས་ཟླ་བ་ལགས་ནི། རྔ་བ་རྫོང་གི་ཇོ་ལེབས་སྡེ་བའི་སྟག་ཀ་ཚང་ནས་ཡིན་པ་དང་། ཁོང་ད་ལྟ་རང་ལོ་ ༣༨ ཡིན་ཞིང་། ༼དུས་རབས་ཀྱི་ང་༽ཞེས་པའི་དུས་དེབ་ཀྱི་རྩོམ་སྒྲིག་པ་དང་། རྔ་པའི་སློབ་གྲྭ་ཞིག་གི་དགེ་རྒན་ཡིན་པ་རེད། ཇོ་ལེབས་ཟླ་བ་འཛིན་བཟུང་བྱས་པའི་སྐོར་ལ་ཁོང་གི་བཟའ་ཟླ་འཛམ་དཀར་ལྷ་མོ་ལགས་ལ་ཁ་པར་བརྒྱུད་ནས་བཅར་འདྲི་བྱས་ཡོད། འཛམ་དཀར་ལྷ་མོར་བཅར་འདྲི་བྱས་པར་ཉན་རོགས་ཞུ།

བོད་ཀྱི་ཤེས་ཡོན་ཅན་ཚོས་མི་རིགས་ཀྱི་བདེ་སྡུག་གླེང་འགོ་ཚུགས།

Tuesday, August 24th, 2010

དེང་སྐབས་རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་ཅན་དང་། རྩོམ་པ་པོ་ཚོར་དམ་དྲག་བྱེད་གྱིན་ཡོད་པ་མ་ཟད། མང་པོ་ཞིག་འཛིན་བཟུང་བྱས་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་བཤད་ན།བོད་མི་རིགས་ཀྱི་ཐོབ་ཐང་སུ་ཞིག་གིས་གླེང་བ་དང་རྩོད་ལེན་བྱས་པ་ཡིན་ན། རྒྱ་ནག་གཞུང་གིས་དེར་དམ་དྲག་བྱེད་བཞིན་ཡོད་པས། རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་ཅན་དང་། རྩོམ་པ་པོ་ཚོར་དམ་དྲག་བྱེད་ཀྱིན་ཡོད་པ་འདི་ནི། བོད་ཀྱི་ཤེས་ཡོན་ཅན་དང་རྩོམ་པ་པོ་ཚོས་བོད་མི་རིགས་ཀྱི་ཐོབ་ཐང་ཡོངས་གྲགས་ངང་གླེང་འགོ་ཚུགས་ཡོད་པའི་མངོན་རྟགས་རེད། 

སྒང། རྩོམ་པ་པོ་ཞོགས་དུང་། གློག་བརྙན་བཟོ་མཁན་དོན་གྲུབམདབང་ཆེན། འོག བོད་རང་དབང་མེད་པའི་སྙན་ཞུའི་འོད་སྡེར་བཀྲམས་མཁན་སྐལ་བཟང་ཚུལ་ཁྲིམས། རྩོམ་པ་པོ་ཐེའི་རང།

སྒང། རྩོམ་པ་པོ་ཞོགས་དུང་། གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན། འོག བོད་ནང་རང་དབང་མེད་པའི་སྙན་ཞུའི་འོད་སྡེར་བཀྲམས་མཁན་སྐལ་བཟང་ཚུལ་ཁྲིམས། རྩོམ་པ་པོ་ཐེའུ་རང།

 དཔེར་ན། རྒྱ་ནག་དབང་འཛིན་པས་འཛིན་བཟུང་བཀག་ཉར་བྱས་ཡོད་པའི་གཞོན་སྐྱེས་རྩོམ་པ་པོ་ཐེའུ་རང་ངམ། བཀྲ་ཤིས་རབ་བརྟན་ལགས་ཀྱིས“ཁྲག་ཡིག”ཅེས་པའི་དེབ་དེའི་ནང་བཀོད་དོན། ༼ བླ་སྲོག་གི་ཕྱི་ནང་ཡོད་ཚད་ལ་ལྕག་ཚན་གྱིས་བྲབ་པའི་དམིགས་བསལ་བའི་ལོ་ཟླ་ཞིག་གི་ངོས་ནས་བཤད་ན། ཅིས་ཀྱང་མི་བཤད་ཐུ་མེད་དུ་གྱུར་བའི་སྐད་ཆ་འབའ་ཞིག་ཏུ་ངེས་པས་ན། ཁོ་བོ་ནས་ཀྱང་སྨྲ་སྒོ་རང་ས་ནས་བསྡམས་ཏེ་འདུག་པ་ལས་སྨྲ་བ་གྲོལ་ཏེ་སུ་ཞིག་བཅད་པ་ཡིན་ན་རིན་དོད་ཆེ་བར་འདོད་པའི་གདམ་ག་ཞིག་ལ་འཕྲེང་ཏེ། ད་གཟོད་རང་གི་ན་ཚོད་ལས་ཀྱང་གཉོམ་ལག་མ་རྒྱས་པའི་དེབ་ཆུང་འདི་ཆེད་དུ་སྟོང་ལོ་བརྒྱད་དགུ་གཉིས་ཀྱི་སོ་མཚམས་སུ་ཁྲག་གི་ཐིགས་པ་བཞིན་གཏར་བ་ལགས་སོ།༽ ཞེས་ངག་གི་སྨྲ་སྒོ་སུ་ཞིག་གིས་གཅོད་སྲིད་པའི་ཉེན་ཁ་སྔོན་རྟོགས་ཀྱིས་སྨྲ་སྒོ་གྲོལ་ནས་“ཁྲག་ཡིག”ཅེས་པའི་དེབ་དེ་བྲིས་འདུག དེབ་དེའི་ནང་༢༠༠༨ལོར་བོད་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐོར་གྱི་གནས་ཚུལ་བཀོད་ཡོད། རྒྱ་ནག་གཞུང་གིས་ཁོང་གི་སྨྲ་སྒོ་དུས་གཏན་དུ་གཅོད་ཐུབ་མིན་མི་ཤེས་ནའང་། ཁོང ༢༠༠༩ལོའི་་ཟླ་བ་བདུན་པའི་ཚེས་༢༦ཉིན་འཛིན་བཟུང་གིས་ཟླ་གཅིག་རིང་བཀག་ཉར་རྗེས་གློད་གྲོལ་བཏང་ཡོད་ནའང།  ད་ལོའི་སྤྱི་ཟླ་བཞི་པའི་ཚེས་༦ཉིན་བསྐྱར་དུ་འཛིན་བཟུང་བཀག་ཉར་བྱས་ཏེ། ནང་མིས་ཀྱང་ཁོང་གང་དུ་ཡོད་མེད་ཤེས་རྟོགས་མེད་པའི་གནས་སུ་གྱུར་ཡོད། ཡང་ད་ལོའི་ཟླ་བ་བཞི་བའི་ཚེས་༢༣་ཉིན་ཟི་ལིང་ཉེན་རྟོག་པས་རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་གྱི་ཉེས་འཛུགས་བྱས་ནས་བཀག་ཉར་བྱས་ཡོད་པའི་རྩོམ་པ་པོ་གྲགས་ཅན་བཀྲ་རྒྱའམ་ཞོགས་དུང་ལགས་ཀྱིས། “གནམ་ས་གོ་འབྱེད་།”ཅེས་པའི་དེབ་དེའི་ནང་དུ།“རྩོམ་འདི་བཀྲམ་པའི་རྗེས་ལ། ནམ་ཞིག་མི་ཡུལ་གྱི་ཚ་དམྱལ་དང་གྲང་དམྱལ་དུ་སྡོད་ལོས་དགོས་སྙམ་སྟེ་འཇིགས་སྐྲག་ཆེ་མོད། ཁ་ཡི་རྐྱེན་ལས་མགོ་བོ་ཤོར་ནའང་ལམ་འདི་རང་གིས་བདམས་པ་ཡིན་ཕྱིར་རང་འགན་རང་གིས་འཁུར་རྒྱུ་ཡིན་ནོ།།”ཞེས་བཀོད་འདུག་པས་རྩོམ་པ་པོ་ཁོང་གིས་དེབ་དེ་སྤྱི་ཚོགས་སྟེང་བཀྲམ་རྗེས་ཁོང་ལ་མཇུག་འབྲས་ཡག་པོ་ཞིག་མི་ཡོང་བའང་ཤེས་ཡོད།

རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

བོད་ནང་གསང་མྱུལ།

Wednesday, August 4th, 2010
གློག་བརྙན་བཟོ་མཁན་བཀྲ་ཤིས།

གློག་བརྙན་བཟོ་མཁན་བཀྲ་ཤིས།

དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་གནས་སྡོད་བཀྲ་ཤིས་ལགས།  བོད་ནང་དུ་གསང་བའི་ངང་ཟླ་བ་གསུམ་རིང་བསྡད་ནས།

༼བོད་ནང་གསང་མྱུལ་༽ཞེས་པའི་དངོས་བྱུང་གློག་བརྙན་ཞིག་བཟོས་ནས་འགྲེམས་སྤེལ་བྱས་ཡོད་པའི་སྐོར། གློག་བརྙན་བཟོ་མཁན་བཀྲ་ཤིས་ལགས་དང་མཉམ་དུ་གླེང་མོལ་ཞུས་པ་དང༌། དེ་བཞིན་གློག་བརྙན་དེའི་ནང་བོད་ནང་གི་བོད་མི་ཁག་ཅིག་གིས་ད་ལྟའི་གནས་སྟངས་འགྲེལ་བརྗོད་གནང་བར་གསན་ན་འདིར་མཐུད་རོགས།