June, 2009

...now browsing by month

 

བོད་ཀྱི་གདོང་རིས།

Tuesday, June 30th, 2009

 གཤམ་གསལ་གྱི་པར་འདི་དག་གི་ང་རང་བོད་དང་ཁ་གྱེས་ནས་ལོ་ངོ་བཅུ་བདུན་གྱི་རྗེས་ཏེ།  ༢༠༠༦  ལོར་རང་ཡུལ་དུ་གཉེན་འཕྲད་ལ་བསྐྱོད་སྐབས་བླངས་པའི་པར་ཁ་ཤས་ཡིན།

ref-18

རྨོ་རྨོ་དང་ཡང་ཚ།

ref-14

ཨ་ཁུ་འབྲོག་པ།

ref-13

ངའི་ཨ་ཁུ-རྟ་བོ་རྒྱལ།

ref-19

ཨ་ཁུ་རི་ཁྲོད་པ།

ref-21

རྩ་ཐང་གི་འབྲོག་པ།

ref-24

རྩ་ཐང་གི་འབྲོག་མོ།

ref-23

བུ་མོ་དང་བྱུ་རུ།

 

 

 

 

 

 

 

 

 

ref-16

ཨ་མ་དང་བུ་མོ།

སྐུ་ཞབས་དོན་འགྲུབ་རྒྱལ་དང་ཁོང་གི་བརྩམས་ཆོས།

Thursday, June 25th, 2009

DGདེ་རིང་ངས་སེམས་ཀྱི་རྒྱུ་ཕྱོགས་ཞིག་གིས་མཚོ་སྔོན་པའི་གླུ་དབྱངས་ལ་ཉན་སྐབས་གྲོགས་པོ་གཅོད་པ་ཐར་གྱིས་གཞས་དེའི་སྐོར་ང་གསུངས་བ་ཞིག་སེམས་ལ་འཁོར། དེ་ནི་ལོ་བཅུའི་ཡར་སྔོན་ཞིག་ལ། གཅོད་པ་ཐར་ལགས་ཀྱིས།  “ཉིན་གཅིག་ངས་དོན་གྲུབ་རྒྱལ་ལ་གཞས་ཚིག་ཅིག་རྩོམ་རོགས་ལབ་པ་ཡིན།  ཁོང་གིས་གཞས་ཚིག་ག་རེ་ཞེས་དྲིས་སོང༌།  ངས་མཚོ་སྔོན་པོ་ལབ་པ་ཡིན། དེ་ནས་ཁོང་གིས་དུ་བ་འཐེན་བཞིན་བསམ་བློ་བཏང་ནས་སྐར་མ་ཉི་ཤུ་ནང་བྲིས་ཚར་སོང༌། བྲིས་ཚར་ནས་ཉིན་ཁ་ཤས་རྗེས་ངས་བརྗེ་བོ་རྒྱབ་པའི་ས་ཆ་ཁ་ཤས་ཡོད།   ཁོང་གིས་སྐར་མ་ཉི་ཤུའི་ནང་ལ་བྲིས་ཚར་བ་རེད།  ངས་གདངས་བཟོ་རྒྱུར་ལོ་གཅིག་འགོར་སོང༌།  ཡང་བཟོས་ཡང་མ་འགྲིག་དེ་རེད༌།” ཞེས་ང་ལ་བརྗོད་བཞིན “ཧ་ཧ་ཧ།” ཞེས་དགོད་ནས་གདོང་གི་མིག་ཤེལ་ནག་པོ་དེ་ལག་པ རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

རླུང་འཕྲིན་དང་བརྙན་འཕྲིན་བཀག་འགོག

Thursday, June 18th, 2009
notice-tv

བསང་ཆུ་རྫོང་སྲིད་གཞུང་གི་རླུང་འཕྲིན་དང་བརྙན་འཕྲིན་བསྡུ་ལེན་བྱེད་རྒྱུ་དམ་དྲག་གི་གསལ་བསྒྲགས་ཡིག་ཆའི་ངོ་བཤུས།

རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་རིགས་བོད་ནང་གི་བོད་མི་ཚོས་བལྟ་ཉན་བྱེད་རྒྱུར་བཀག་འགོག་བྱེད་བཞིན་འདུག།
སྤྱིར་བོད་ཀྱི་ས་ཁུལ་མང་པོ་ཞིག་ཏུ་འཁོར་སྐར་བརྒྱུད་ནས་རྒྱང་སྲིང་བྱེད་བཞིན་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ལ་ཉན་ཐུབ་པ་དང༌།  ཨ་རིའི་རྒྱང་སྲིང་ཁང་གི་བརྙན་འཕྲིན་ལ་བལྟ་ཐུབ་ཀྱིན་ཡོད་ནའང་ཉེ་ལམ་རྒྱ་ནག་གཞུང་གིས་ཨ་མདོ་བླ་བྲང་ཁུལ་དུ་རླུང་འཕྲིན་དང་བརྙན་འཕྲིན་འཁོར་སྐར་ལས་བསྡུ་ལེན་བྱེད་པའི་འཕྲུལ་ཆས་ལ་དག་ཐེར་བྱས་ནས་ས་གནས་བོད་མི་ཚོས་ཕྱི་ཕྱོགས་ཀྱི་རླུང་འཕྲིན་དང་བརྙན་འཕྲིན་ལ་བལྟ་ཉན་བྱེད་པར་བཀག་འགོག་གི་ལས་འགུལ་སྤེལ་འདུག

ཨ་མའི་བུ། ཞེད་སྣང་མ་སྐྱེས།

Wednesday, June 17th, 2009

  སྙན་ངག་པ་ལྗང་བུ་ལགས་ཀྱིས་བྲིས་པའི ཨ་མ་ལགས། ང་ཞེད་སྣང་འདུག
ཅེས་པའི་སྙན་རྩོམ་དེ་ཀློག་རྗེས།

ཨ་རོ་གྲོགས་པོ།    ཁྱེད་ཀྱིས་བར་སྐོར་ནང་་བརླན་བཤེར་གྱི་ཁང་ཆུང་དེ་རུ།
སྤྱན་མིག་དགུང་ལ་གཏད་དེ།   སྐར་མའི་གྲངས་ཀ་བརྩི་བཞིན་པ་ངས་མཐོང་སོང༌། རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

སངས་རྒྱས་ཀྱི་དཔའ་རྟུལ་ཚོ།

Friday, June 12th, 2009

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་བོད་ནང་ལག་སོན་དཀའ་ཞིང་བལྟ་ཀློག་བྱས་མི་ཆོག་པའི་དཔེ་དེབ་ཀློག་འདོན་གྱི་ལེ་ཚན་ཅིག་གོ་སྒྲིག་བྱས་ནས་རྒྱང་སྲིང་བྱེད་བཞིན་ཡོད་།  ཚེས་༡༥་ཉིན་ནས་བཟུང་བོད་ནང་གི་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཨ་མདོ་སྐད་ཀྱི་ལས་རིམ་ནང་མའེ་ཀེལ་གདའ་ནམ་གྱིས་

སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་དེབ་ཀྱི་མདུན་ཤོག

སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་དེབ་ཀྱི་མདུན་ཤོག

བརྩམས་ཞིང་དགེ་འདུན་རབ་གསལ་ལགས་ཀྱི་བོད་ཡིག་ནང་ཕབ་བསྒྱུར་བྱས་ཡོད་པའི་སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་དེབ་དེ་ཀློག་འདོནརྒྱང་སྲིང་བྱེད་རྒྱུ་ཡིན།  དེབ་དེའི་ནང་རྒྱ་ནག་གི་དམག་དཔུང་གིས་བོད་ལ་བཙན་འཛུལ་བྱེད་སྐབས་ཁམས་དང་ཨ་མདོ་ས་ཁུལ་དུ་འགོག་རྒོལ་དམག་འཐབ་འགོ་ཚུགས་པ་ནས་བཙན་བྱོལ་ལ་འབྱོར་དེ་ཨ་རིའི་གསང་བའི་ལས་ཁུངས་ཀྱི་རྒྱབ་སྐྱོར་འོག་གློ་དམག་སྒར་འཛུགས་པ་ལ་སོགས་པའི་གནས་ཚུལ་འབྲེལ་ཡོད་མི་སྣ་མང་པོར་དངོས་སུ་བཅར་འདྲི་བྱས་ཏེ་དངོས་བྱུང་གནས་ཚུལ་སྒྲུང་གི་རྣམ་པར་བྲིས་ཡོད་པས་དོན་གོ་སླ་བ་དང༌།  ཀློག་སྤྲོ་བ།  ལོ་རྒྱུས་ཀྱི་ཤེས་བྱ་ཐོབ་པའི་དཔེ་དེབ་ལེགས་པོ་ཞིག་རེད་བསམ།

སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་དེབ་དེ་བོད་ཡིག་ནང་ཕབ་བསྒྱུར་བྱེད་མཁན་དགེ་འདུན་རབ་ལགས་དང་མཉམ་དུ་དེབ་དེའི་སྐོར་ལ་གླེང་མོལ་བྱས་ཡོད་པར་གསན་ན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་དྲ་ཐོག་ལ་ཕེབས་རོགས་ཞུ།
http://www.rfa.org/tibetan/

ཨ་རིའི་གསར་འགྱུར་བརྒྱུད་ལམ་གསར་བའི་ལོ་འཁོར་ཚོགས་ཆེན།

Thursday, June 11th, 2009

ཨ་རིའི་གསར་འགྱུར་བརྒྱུད་ལམ་གསར་བའི་ལོ་འཁོར་ཚོགས་ཆེན་སྟེང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གདང་སོ་ཐི་ལན་ཀྲི་དང་ངེད་གཉིས་ཞུགས་རྒྱུའི་གོ་སྐབས་བྱུང༌།cimg1499
བཤད་མཁན་གྱི་དུས་དེབ་ཁང་ TALKERS magazine་  གིས་གོ་སྒྲིག་འོག་ ཚོགས་ཆེན་དེ་ཟླ་འདིའི་ཚེས་༥་དང་༦་ཉིན་གཉིས་རིང་ཉིག་ཡོག་གྲོང་ཁྱེར་ནང་འཚོགས།  ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གདང་སོ་ཐི་ལན་ཀྲི་དང་ངེད་གཉིས་ཝ་ཤིན་ཏུན་ནས་མེ་འཁོར་ལ་བསྡད་དེ་ཆུ་ཚོད རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

སྒྲོལ་དཀར་ལགས་སུ་ཨ་རིའི་རྒྱལ་སྤྱིའི་གསར་འགོད་གཟེངས་རྟགས་ཞིག་ཐོབ་པ།

Tuesday, June 9th, 2009
dolkar

ཨ་རིའི་གསར་འགྱུར་རྒྱང་སྲིང་འགན་འཛིན་ཚོགས་ཆུང་གི་ཚོགས་མི་་Blanquita Cullum དང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྒྲོལ་དཀར་ལགས།

ཚེས་༣་ཉིན་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་སྒྲོལ་དཀར་ལགས་སུ་ཨ་རིའི་རྒྱལ་སྤྱིའི་ The David Burke ཞེས་པའི་གསར་འགོད རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

རག་ར་རིན་པོ་ཆེ་ལ་དགེ་ཆོས་སྐོར་བཅར་འདྲི།

Monday, June 8th, 2009

བོད་ཀྱི་སྤྱི་ཚོགས་ཁྲོད་དུས་རབས་༢༠བའི་ནང་གསར་གཏོད་རང་བཞིན་ལྡན་ཞིང་སོ་སོའི་ལྟ་བ་དང༌། དགོངས་ཚུལ་འཇིགས་ཞུམ་མེད་པར་བརྗོད་ཐུབ་མཁན་མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁོང་གི་བརྩམས་ཆོས་སྐོར་ལ་སིད་སིར་གནས་བཞུགས་རག་ར་རིན་པོ་ཆེ་ལ་བཅར་འདྲི་ཞུས་པ་ཡིན།

ragra3
ཟིན་བྲིས་མཁན་གྱིས་རག་ར་རིན་པོ་ཆེར་བཅར་འདྲི་ཞུ་བཞིན་པ།དཔལ་ལྡན་རྒྱལ།   མཁས་དབང་དགེ་འདུན་ཆོས་འཕེལ་དང་ཁོང་གི་བརྩམས་ཆོས་སྐོར་ལ་རག་ར་རིན་པོ་ཆེ་མཆོག་གིས་ང་དང་མཉམ་དུ་བཀའ་མོལ་གནང་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུ།  མཁས་དབང་དགེ་འདུན་ཆོས་འཕེལ་མཆོག་གི་གསུང་རྩོམ་དང་ལྟ་བ

རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

སྐུ་དྲག་ཨེལ་གིན་དང་རྡ་རམ་ས་ལ། Lord Elgin James Bruce

Monday, June 8th, 2009
full

རྡ་སར་ཡོད་པའི་དབྱིན་ཇུའི་དུར་ས།

གལ་ཏེ་ཁྱེད་རང་ལ་དུས་ཁོམ་རེ་བྱུང་ཚེ། མོ་ལོར་ཡི་ཟང་ཟིང་འུར་སྒྲ་ཆེ་བའི་ཁྲོམ་དང༌། ཁ་དལ་འདུག་མེད་པར་གཞན་ལ་འཕྱ་དམོད་བྱེད་པའི་ཚིག་རྩུབ་རྣ་ལ་གཟེར་བ་ལས་གཡོལ་ཆེད། མོ་ལོར་ནས་གོམ་པ་་གཅིག་སྟོང་ཙམ་གྱི་མཚམས་སུ་ཡོད་པའི་ཡི་ཤུའི་ལྷ་ཁང་ཡོད་སར་ཕེབས་ན་ལམ་ཁ་རྒྱ་ཆེ་ཞིང་གཡས་གཡོན་དུ་ཤིང་སྡོང་གིས་མཛེས་པར་བརྒྱན་པས་སེམས་ལྷོད་ལྷོད་ཡོང་པའི་ཚོར་བ་སྐྱེས་ཐུབ༌། ཡི་ཤུའི་ལྷ་ཁང་དེ་ནི་ལམ་ཁའི་འོག་ཏུ་རྡོ་ཆེན་པོ་གཡའ་ཡིས་ཟིན་པ་དང༌། རྩིབས་ངོས་སུ་རྩྭ་ལྡུམ་སྐྱེས་ཡོད་པས་མཆོད རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »