August, 2009

...now browsing by month

 

ཐེའུ་རང་གློད་འདུག

Friday, August 28th, 2009

ཨ་མདོ་རྔ་བ་ཐང་བསྐོར་ནས་ཡིན་པ་དང༌།  ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་ནང་སློབ་གཉེར་བྱེད་བཞིན་པའི་སློབ་མ། ཤར་དུང་རི་དུས་དེབ་ཀྱི་རྩོམ་སྒྲིག་པ་བཀྲ་ཤིས་རབ་བརྟན་ནམ། སྨྱུག་མིང་ལ་ཐེའུ་རང་ཟེར་བ་ཟླ་བ་བདུན་པའི་ཚེས་༢༦ ཉིན་རྒྱ་ནག་བདེ་འཇགས་མི་སྣས་འཛིན་བཟུང་བཀག་ཉར་གྱིས་ཟླ་གཅིག་རིང་འདྲི་བརྩད་ནན་མོ་བྱས་རྗེས་ཟླ་བ་བརྒྱད་པའི་ཚེས་༢༦་ཉིན་གློད་གྲོལ་བཏང་འདུག
དེ་ཡང་ཁོང་ཁྲིན་ཏུའུ་གྲོང་ཁྱེར་ནང་བཀག་ཉར་བྱས་ཡོད་པ་དང་།   ཚེས་༢༦་ཉིན་འབྲེལ་མི་སྣ་ཞིག་གིས་རྗེས་ཕྱོགས་ཁོང་གིས་སྔར་བྱས་ཀྱི་ལས་དོན་དེ་རིགས་མི་སྒྲུབ་རྒྱུ་འགན་ལེན་བྱས་རྗེས་གློད་གྲོལ་བཏང་ཏེ་ད་ལྟ་རྩོམ་པ་པོ་ཐེའུ་རང་ཨ་མདོ་མཛོད་དགེ་ཐང་སྐོར་དུ་འབྱོར་ཡོད་འདུག

རེབ་གོང་སྒྱུ་རྩལ།

Wednesday, August 26th, 2009
rebkong3

རེབ་གོང་སེང་གེ་གཤོངས་དགོན་པ། པར་པ་དཔལ་ལྡན་རྒྱལ།

རེབ་གོང་སྒྱུ་རྩལ་ནི་བོད་གྱི་སྲོལ་རྒྱུན་ཐང་ཀ་དང༌།  ལྡེབས་རིས།  འཇིམ་བཟོ།  ཤིང་བརྐོས་རི་མོ་བཅས་ཀྱི་བཟོ་རྩལ་ཁྱད་དུ་འཕགས་པ་ཞིག་ཡིན། དེ་ནི་རེབ་གོང་ཤོག་ཁག་བཅུ་གཉིས་ཀྱི་ནང་ཚན་ཙེ་ཁྲེ་བཞི་ཡ་གྱལ།  རེབ་གོང་རོང་བོ་དགོན་ཆེན་གྱི་བྱང་ཕྱོགས་སུ་ཀེ་ལོ་མེ་ཀྲར་བདུན་ཙམ་གྱི་མཚམས་སུ་གྲོང་སྡེ་ཞིག་ཡོད་པ་དེའི་མིང་ལ་སེང་གེ་གཤོངས་ཟེར།  གྲོང་སྡེ་དེ་ནི་ནང་ཚན་གསུམ་དུ་དབྱེ་ཡོད་པ་ནི་སེང་གེ་གཤོངས་ཡར་འགོ་དང༌། མར་འགོ  རྒྱ་ཚང་མ་བཅས་ཡིན། གྲོང་སྡེ་དེའི་ནང་སྐྱེས་པ་ཞིག་ཡིན་ཕྱིན་བོད་ཀྱི་སྲོལ་རྒྱུན་ཐང་ཀ་དང།  ལྡེབས་རིས། འཇིམ་བཟོ།  ཤིང་བརྐོས་རི་མོ་སོགས་བཟོ་བཀོད་མི་ཤེས་མཁན་ཕལ་ཆེར་མེད་ཞེས་བརྗོད་ཆོག ཡིན་ནའང་གྲོང་སྡེ་དེའི་ཡུལ་མའི་མཆེད་ཁུངས་སྐོར་ལ་རེབ་གོང་གི་གྲོང་སྡེ་གཞན་དང་མི་འདྲ་བའི་རྩོད་གླེང་བྱེད་བཞིན་ཡོད་པས་མཁྱེན་ཡངས་པ་གང་མང་གིས་གྲོང་སྡེ་དེའི་སྐོར་ལ་དཔྱད་རྩོམ་མང་པོ་བྲིས་ཡོད་པ་རེད། དེའི་རྒྱུ་ རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

ང་ལ་རྨི་ལམ་ཞིག་ཡོད།

Wednesday, August 12th, 2009
ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལན་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཏིན་ལུ་ཐར་ཁིན་གྱི་དྲན་རྟེན་ཁང་རྩིག་ངོས་སུ་ཡོད་པའི་ཁོང་གི་པར་ཞིག པར་རྒྱག་མཁན་དཔལ་ལྡན་རྒྱལ།

ཨ་རིའི་འཇོར་རྗེ་ཡ་མངའ་སྡེའི་ཨ་ཀྲི་ལན་ཀྲེས་གྲོང་ཁྱེར་ནང་ཡོད་པའི་སློབ་དཔོན་མར་ཏིན་ལུ་ཐར་ཁིན་གྱི་དྲན་རྟེན་ཁང་རྩིག་ངོས་སུ་ཡོད་པའི་ཁོང་གི་པར་ཞིག པར་རྒྱག་མཁན་དཔལ་ལྡན་རྒྱལ།

        བསྒྱུར་མཁན་གྱི་མཆན།
དེ་ཡང་སློབ་དཔོན་མར་ཊིན་ལུ་ཐར་ཁིན་མཆོག་ནི་འཚེ་མེད་ཞི་བའི་ཐབས་ལམ་ལ་ཡིད་ཆེས་བརྟན་པོའི་ངང་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་གནང་མཁན་ཞིག་ཡིན་ལ།  ༡༩༦༣ལོའི་ཟླ་བ་ ༨་ཚེས་༢༨་ཉིན་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་གྱི་རྒྱལ་ཡོངས་ཐང་ཆེན་དུ་མི་གྲངས་ཉིས་འབུམ་ལྷག་གིས་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་ཆེད་ཞི་བའི་གོམ་བགྲོད་གནང་སྐབས།  སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིས་ ༼ང་ལ་རྨི་ལམ་ཞིག་ཡོད།༽ཅེས་པའི་གསུང་བཤད་གནང་ཡོད།  གསུང་བཤད་འདི་ནི་ཕལ་ཆེར་སློབ་དཔོན་མར་ཊིན་ལུ་ཐར་ཁིན་གྱིི་སྙན་གྲགས་ཆེ་ཤོས་ཀྱི་གསུང་བཤད་དེ་ཡིན་ལ། འཛམ་གླིང་སྟེངའང་ཧ་ཅང་སྐད་གྲགས་ཆེ་བའི་གསུང་བཤད་ཅིག་ཡིན། རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

གཞོན་སྐྱེས་རྩོམ་པ་པོ་ཞིག་འཛིན་བཟུང༌།

Tuesday, August 11th, 2009
རྩོམ་པ་པོ་ཐེའུ་རང༌།

རྩོམ་པ་པོ་ཐེའུ་རང༌།

ཨ་མདོ་རྔ་བ་ཐང་བསྐོར་ནས་ཡིན་པ་དང༌།  ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་ནང་སློབ་གཉེར་བྱེད་བཞིན་པའི་སློབ་མ། ཤར་དུང་རི་དུས་དེབ་ཀྱི་རྩོམ་སྒྲིག་པ་བཀྲ་ཤིས་རབ་བརྟན་ནམ། སྨྱུག་མིང་ལ་ཐེའུ་རང་ཟེར་བ་ཟླ་བ་བདུན་པའི་ཚེས་༢༦ ཉིན་sharརྒྱ་ནག་བདེ་འཇགས་མི་སྣས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། རྩོམ་པ་པོ་ཁོང་གིས་ན་ནིང་བོད་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐོར་གྱི་གནས་ཚུལ་བཀོད་པའི “ཁྲག་ཡིག” ཅེས་པའི་དེབ་ཅིག་བྲིས་ཡོད་པ་དང༌།  དེའི་ནང་རྩོམ་པ་པོས་གསལ་བཤད་ཅིག་བྱས་པའི་ནང་བཀོད་དོན། དེབ་ཆུང་འདི་ནི་ཁོ་བོ་རང་ཉིད་ཀྱི་ན་ཚོད་དང༌། ཡོན་ཚད་ཀྱི་ངོས་ནས་བཤད་ན་འཕུད་རྒྱུ་སྔ་དྲགས་པའི་ལས་ཀ་ཞིག་ཡིན་སྲིད་མོད། ནམ་རྒྱུན་བླ་སྲོག་གི་ཕྱི་ནང་ཡོད་ཚད་ལ་ལྕག་ཚན་གྱིས་བྲབ་པའི་དམིགས་བསལ་བའི་ལོ་ཟླ་ཞིག་ གི་ངོས་ནས་བཤད་ན། ཅིས་ཀྱང་མི་བཤད་ཐུ་མེད་དུ་གྱུར་བའི་སྐད་ཆ་འབའ་ཞིག་ཏུ་ངེས་པས་ན། ཁོ་བོ་ནས་ཀྱང་སྨྲ་སྒོ་རང་ས་ནས་བསྡམས་ཏེ་འདུག་པ་ལས་སྨྲ་བ་གྲོལ་ཏེ་སུ་ཞིག་བཅད་པ་ཡིན་ན་རིན་དོད་ཆེ་བར་འདོད་པའི་གདམ་ག་ཞིག་ལ་འཕྲེང་ཏེ། ད་གཟོད་རང་གི་ན་ཚོད་ལས་ཀྱང་གཉོམ་ལག་མ་རྒྱས་པའི་དེབ་ཆུང་འདི་ཆེད་དུ་སྟོང་ལོ་ བརྒྱད་དགུ་གཉིས་ཀྱི་སོ་མཚམས་སུ་ཁྲག་གི་ཐིགས་པ་བཞིན་གཏར་བ་ལགས་སོ། ཞེས་བཀོད་འདུག  རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ།་ ཐེའུ་རང་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་ལ་བོད་ནང་གི་མི་ཞིག་དང་།  ཁྲིམས་རྩོད་པ་བླ་མ་སྐྱབས་གཉིས་དང་མཉམ་དུ་གླེང་མོལ་བྱས་པར་ཉན་ན་སྦྲེལ་ཐག་འདིར་མཐུད་རོགས།


http://www.rfa.org/tibetan/chediklaytsen/amdolaytsen/rawanggilentek/tibetan-writer-disappeared-08112009121136.html

སྲིད་འཛིན་དྲན་རྟེན་ཁང༌།

Friday, August 7th, 2009
tj

ཨ་རིའི་སྲིད་འཛིན་གསུམ་པ་ཐོ་མ་སི་འཇར་ཕུ་སན་གྱི་དྲན་རྟེན་ཁང༌། པར་པ་དཔལ་ལྡན་རྒྱལ།

ང་རང་ཨ་རིའི་རྒྱལ་སའི་གྲོང་ཁྱེར་ནང་དུ་བསྡད་ནས་ལོ་བཅུ་གཅིག་ལྷག་འགོར་ཡོད་ལ། དེའི་རིང་འཛམ་གླིང་གི་ས་ཕྱོགས་གང་ས་ནས་བལྟ་བསྐོར་དུ་གྲོགས་པོ་སུ་འདྲ་ཞིག་ཡོང་ནའང་། རང་གི་ཐུབ་ཚོད་ཀྱིས་གྲོང་ཁྱེར་འདིའི་ནང་ཁྲིད་ནས་ཤེས་ཚོད་ཀྱིས་འགྲེལ་བཤད་རེ་རྒྱག་གིན་ཡོད། དེ་རིང་ངས་འདི་ནས་གྲོང་ཁྱེར་འདིའི་ནང་ཕེབས་མ་མྱོང་ཡང་ཟིན་བྲིས་འདིའི་ནང་ཕེབས་བཞིན་པའི་གྲོགས་པོ་ཚོར་གྲོང་ཁྱེར་འདིའི་ནང་ཡོད་པའི་ཨ་རིའི་སྲིད་འཛིན་གསུམ་པ་ཐོ་མ་སི་འཇར་ཕུ་སན་གྱི་དྲན་རྟེན་ཁང༌ངོ་སྤྲོད་མདོར་བསྡུས་ཞིག་བྱེད་འདོད་བྱུང།

ཨ་རི་སྲིད་འཛིན་(1801-1809) གསུམ་པ་ཐོ་མ་སི་འཇར་ཕུ་སན་ (Thomas Jefferson 1743-1826)  གྱི་དྲན་རྟེན་ཁང༌ནི་རྒྱལ་ས་ཝ་ཞིན་ཏོན་དུ་ཡོད། དྲན་རྟེན་ཁང་འདི་༡༩༣༩  ལོར་གསར་བཞེངས་འགོ་བཙུགས་ཀྱིས་༡༩༤༢ ཡོངས་སུ་འགྲུབ།     དྲན་རྟེན་ཁང་འདིའི་ནང་དུ་ཟངས་ཀྱི་བཟོས་པའི་སྲིད་འཛིན་ཐོ་མ་སི་འཇར་ཕུ་སན་གྱི་སྐུ་འདྲ་ཆེན་པོ་ཞིག་ཡོད། ཨ་རི་སྲིད་འཛིན་ཐོ་མ་སི་འཇར་ཕུ་སན་ནི་༡༧༧༦་ལོར་ཨ་རིའི་རང་བཙན་གསལ་བསྒྲགས་འབྲི་མཁན་ཡིན་ལ། ཁོང་ནི་ཆབ་སྲིད་པ་དང་བསམ་བློ་བ་གལ་ཆེན་ཞིག་ཡིན།

tj-2

ཟླ་བ་གསུམ་པའི་ཡུལ་ལྗོངས། པར་པ་དཔལ་ལྡན་རྒྱལ།

 ཨ་རིའི་གཞུང་གྲུབ་སྟངས་ཀྱི་རྨང་གཞིའི་བསམ་བློ་གལ་ཆེན་ཁག་ཅིག་ཁོང་གིས་བྲིས་པའི་ཨ་རིའི་རང་བཙན་གསལ་བསྒྲགས་ལས་བྱུང་ཡོད།  དཔེར་ན།  མི་ཚང་མ་འདྲ་མཉམ་ཡིན་ཟེར་བ་དང༌།  དེ་བཞིན་མི་ཚང་མ་འཚོ་གནས་དང༌། རང་དབང་།   བདེ་སྐྱིད་འཚོལ་བརྙེགས་བྱེད་ཆོག་པའི་ཐོབ་ཐང་དང་མཉམ་དུ་སྐྱེས་ཡོད་པ་རེད།  ཞེས་པ་སོགས་ནི་ཐོ་མ་སི་འཇར་ཕུ་སན་གྱི་བསམ་བློ་ཡིན།  ཁོང་ནི་གསར་འགོད་རང་དབང་ལ་ཧ་ཅང་མཐོང་ཆེན་བྱེད་མཁན་ཞིག་ཡིན། སྐབས་ཅིག་ཁོང་གིས་གསུངས་དོན།  “གལ་ཏེ་སྲིད་གཞུང་ཡོད་ཀྱང་གསར་ཤོག་མེད་པ་དང༌། ཡང་ན་གསར་ཤོག་ཡོད་ཀྱང་སྲིད་གཞུང་མེད་པ་གཉིས་ལས་འདེམས་ཁ་སྤྲད་པ་ཡིན་ན།   ངས་ཐེ་ཚོམ་གང་ཡང་མེད་པར་ གསར་ཤོག་ཡོད་ཀྱང་སྲིད་གཞུང་མེད་པ་དེ་འདེམས་ངེས་ཡིན། ཡིན་ནའང་མི་ཚང་མར་གསར་ཤོག་དེ་ཐོབ་ཐུབ་པ་དང་དེ་ཀློག་ཐུབ་པའི་ནུས་པ་ཡོད་དགོས།” ཞེས་གསུངས་ཡོད་པ་རེད།

རྩོམ་པ་པོ་ཞིག་བོར་ཐལ།

Saturday, August 1st, 2009
e258faec4b4d297793ee47481e8efbc711

རྩོམ་པ་པོ་བཀྲ་ཤིས་སམ་ཐེའུ་རང༌།

བོད་ནང་གི་དྲ་བ་དང་ཟིན་བྲིས་གང་མང་ནང་ཐེའུ་རང་གི་སྐོར་ལ་སྙན་ངག་དང་སེམས་ཚོར་མང་པོ་ཞིག་བྲིས་འདུག ངས་ཤེས་ཚོད་ལ་ཁོང་ནི་ཨ་མདོ་རྔ་བ་ཐང་བསྐོར་ནས་ཡིན་པ་དང༌།  ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་ནང་སློབ་གཉེར་བྱེད་བཞིན་པའི་སློབ་མ་ཞིག་རེད་ལ། ཤར་དུང་རི་དུས་དེབ་ཀྱི་རྩོམ་སྒྲིག་པའང་རེད།་blood20letter1

ཡང་ཁོང་གིས་ན་ནིང་གི་དོན་རྐྱེན་སྐོར་ལ་ཁྲག་ཡིག་ཅེས་པའི་དེབ་ཅིག་བརྩམས་ཡོད། སློབ་གསེང་སྐབས་ཕ་ཡུལ་དུ་ཡོད་ཀྱང་ཟླ་བ་འདིའི་ཚེས་༢༦་ཉིན་ནས་གར་སོང་ཆ་མེད་དུ་གྱུར་བ་རེད།   དོན་དངོས་སུ་ཐེའུ་རང་ལ་ཅི་ཞིག་བྱུང་པ་རེད།  ཁོང་སུས་འཇུས་པ་དང༌། ག་དུས་འཇུས་པ་རེད། འཇུ་དགོས་དོན་ཅི་རེད།   དེ་བདེན་པ་ཡིནན་་ང་ཚོས་ཅི་ཞིག་བྱེད་དགོས་སམ། སེམས་ཚོར་ཙམ་མ་ཡིན་པར་གནས་ཚུལ་ངོ་མ་ཤེས་མཁན་ཚོས་གཤམ་གྱི་མཆན་ནང་གནས་ཚུལ་བཀོད་རོགས་ཞུ།