February, 2010

...now browsing by month

 

གོང་ས་རྒྱལ་བ་རིན་པོ་ཆེ་དང་ཨ་རིའི་སྲིད་འཛིན་ཨོ་སྦ་མ་རྣམ་གཉིས་མཇལ་འཕྲད།

Thursday, February 18th, 2010

དེ་རིང་ཚེས་༡༨་ཉིན་གྱི་ཞོགས་པར་བོད་ཀྱི་དབུ་ཁྲིད་གོང་ས་རྒྱལ་བ་རིན་པོ་ཆེ་ཨ་རིའི་སྲིད་འཛིན་པོ་བྲང་དཀར་པོའི་ནང༌། སྲིད་འཛིན་ཨོ་སྦ་མ་ལ་གཞུང་འབྲེལ་མཇལ་འཕྲད་གནང་ཡོད་པ་དང༌། དེ་བཞིན་ཉིན་རྒྱབ་གོང་ས་རྒྱལ་བ་རིན་པོ་ཆེ་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་ཧེ་ལི་རེ་ཁུ་ལིན་ཏུན་ལ་མཇལ་འཕྲད་གནང་བྱུང༌།obamafoto_-300x1991

གོང་ས་མཆོག་སྲིད་འཛིན་ལ་མཇལ་འཕྲད་འགྲུབ་རྗེས།  ཁོང་གིས་“རླབས་ཆེ་བའི་དམངས་གཙོའི་རྒྱལ་ཁབ་ཅིག་གི་དབུ་ཁྲིད་ལ་མཇལ་བར་དགའ་སྤྲོ་བྱུང༌།སྲིད་འཛིན་ཀྱིས་བོད་དོན་དང་འཛམ་གླིང་སྟེང་གི་དཀའ་རྙོག་མང་པོ་ཞིག་ལ་སེམས་བསམ་པའི་སྟེང་ནས་ཐུགས་བསམ་བཞེས་ཀྱི་འདུག ངས་ཀྱང་འགྲོ་བ་མིའི་རིན་ཐང་དར་ཁྱབ་གཏོང་རྒྱུའི་ཆོད་སེམས་སྐོར་ཁོང་ལ་བཤད་པ་ཡིན།དེ་བཞིན་རྒྱ་བོད་འབྲེལ་མོལ་ཐད་དབུ་མའི་ལམ་གྱི་སྲིད་ཇུས་བཟུང་ནས་བོད་རྒྱ་གཉིས་བར་མུ་མཐུད་གྲོས་མོལ་བྱེད་རྒྱུར་སྲིད་འཛིན་གྱིས་རྒྱབ་སྐྱོར་བྱེད་ཀྱི་འདུག་ཞེས་གསུངས་བྱུང༌། པོ་བྲང་དཀར་པོའི་མགྲིན་ཚབ་པས་་ཟེར་ན། སྲིད་འཛིན་གྱིས་གོང་་ས་ཏ་ལའི་བླ་མ་དང་རྒྱ་ནག་མགོ་ཁྲིད་ཚོར་བོད་ཀྱི་གནད་དོན་སེལ་ཆེད་མུ་མཐུད་དུ་གྲོས་མོལ་བྱེད་དགོས་པའི་ནན་སྐུལ་ཞུ་རྒྱུ་རེད།གོང་ས་མཆོག་སྲིད་འཛིན་ལ་མཇལ་འཕྲད་སྐབས་པོ་བྲང་དཀར་པོ་མདུན་དུ་རྒྱལ་སའི་མངའ་ཁུལ་དུ་ཡོད་པའི་བོད་མི་དང༌།དེ་བཞིན་གྲོང་ཁྱེར་ནིག་ཡོག་དང༌། ནིག་འཇར་ཟེ་སོགས་ནས་ཕེབས་པའི་བོད་མི་སུམ་བརྒྱ་ལྷག་གིས་ལག་ཏུ་བོད་དང༌།་ཨ་རིའི་རྒྱལ་དར་བཟུང་ནས་ཞབས་བྲོ་འཁྲབ་ནས་དགའ་བསུ་བྱས་ཡོད་པ་དང༌།

img_2508

 

zok_0724

དེ་བཞིན་བོད་ཨ་མདོ་མདོ་རྔ་བ་དང༌།་མགོ་ལོག རེབ་གོང་སོགས་སུའང་བསངས་གསོལ་བཏང་བ་སོགས་ཀྱིས་གོང་ས་མཆོག་དང་ཨ་རིའི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་གནང་བར་དགའ་བསུ་ཞུས་འདུག རྒྱ་ནག་ཕྱོགས་ནས་གོང་ས་མཆོག་འཛམ་གླིང་གི་མགོ་ཁྲིོད་སུ་ལ་མཇལ་འཕྲད་གནང་ནའང་ངོ་རྒོལ་བྱེད་བཞིན་པ་ལྟར། ད་ཐེངས་ཨ་རིའི་སྲིད་འཛིན་གོང་ས་མཆོག་ལ་མཇལ་འཕྲད་གནང་པ་དེས་རྒྱ་ནག་དང་ཨ་རིའི་འབྲེལ་ལམ་ལ་དོ་ཕོག་ཐེབས་སྲིད་པའི་ཉེན་བརྡ་བཏང་འདུག་གོང་ས་མཆོག་ཨ་རིའི་སྲིད་འཛིན་དང་ཕྱི་སྲིད་དྲུང་ཆེ་གཉིས་ལ་མཇལ་འཕྲད་རྗེས་ཁོང་བཞུགས་སའི་མགྲོན་ཁང་གི་ཕྱིོ་ལོག་ཏུ་གསར་འགོད་ལྷན་ཚོགས་ཅིག་བསྐོང་འཚོགས་སྐབས་ཆེད་མངགས་བོད་ནང་གི་བོད་ཚོར་གསུང་བཤད་གནང་བར་ཉན་རོགས།

ལོ་རྒྱུས་ཀྱི་ཟིན་ཐོར་གྱུར་བའི་གངས་ཆེན།

Thursday, February 11th, 2010

ཨ་རིའི་རྒྱལ་ས་ཝ་ཤིན་ཏུན་དུ་ལོ་རྒྱུས་སྟེང་བྱུང་མ་མྱོང་བའི་ཁ་བ་ཆེན་པོ་བབས་ནས་གཞུང་གི་ལས་ཁུངས་ཁག་དང༌། སློབ་གྲྭ་སོགས་བདུན་ཕྲག་གཅིག་ཙམ་རིང་ཛ་དྲག་གི་གནས་སྟངས་འོག་སྒོ་རྒྱག་དགོས་བྱུང་འདུག ཚེས་༥ཉིན་གྱི་དགོང་མོ་ནས་ཚེས་༦ཉིན་གང་བོར་ཨ་རིའི་རྒྱལ་ས་ཝ་ཤིན་ཏུང་ གྲོང་ཁྱེར་ནང་དུ་ཁ་བ་ཨིན་ཀྲི་ཉེར་བཞི་བབས་ནས། གཞུང་གི་ལས་ཁུངས་ཁག་དང༌། སློབ་གྲྭ་སོགས་ཛ་དྲག་གནས་སྟངས་འོག་སྒོ་རྒྱག་དགོས་བྱུང་འདུག་ལ། གྲོང་ཁྱེར་ནང་གི་ཚོང་ཁང་དང་ཟ་ཁང་མང་པོ་ཞིག་གིས་ནམ་རྒྱུན་ལྟར་བྱེད་སྒོ་སྤེལ་ཐུབ་ཀྱི་མེད། 

dupont

ཚེས་༡༠་ཉིན་ལས་ཀ་ཡོང་བའི་ལམ་ཁར།

དེ་བཞིན་ས་འོག་གི་མེ་འཁོར་མ་གཏོགས་སྤྱི་སྤྱོད་རླངས་འཁོར་དང་། མེ་འཁོར་སོགས་ཀྱིས་འགྲུལ་བསྐྱལ་ལས་དོན་མཚམས་འཇོག་དང༌། རྒྱལ་སའི་ཉེ་འགྲམ་གྱི་གནམ་ཐང་ཆེ་བ་གསུམ་ཡོད་པ་ཚང་མས་གནམ་གྲུ་འཕུར་བསྐྱོད་ཕྱིར་འགྱངས་བྱེད་དགོས་བྱུང་ཡོད།དེ་ནས་ཡང་ཚེས་༩ཉིན་གྱི་དགོང་མོ་དང་ཚེས་༡༠་ཉིན་གང་བོར་མུ་མཐུད་དུ་ཁ་བ་བབས་ནས་ཨ་རིའི་རྒྱལ་ས་ཝ་ཤིན་ཏུང་ནང་དུ་ཁ་བ་ཨིན་ཀྲི་༥༦་ཙམ་བབས་ནས་ལོ་རྒྱུས་ནང་ཁ་བ་འབབ་ཚད་ཆེ་ཤོས་ཀྱི་ཟིན་ཐོར་གྱུར་ཡོད་པ་རེད། ད་ཐེངས་ཁ་བ་ཆེན་པོ་འདི་ཨ་རིའི་ཤར་ཕྱོགས་ཀྱི་རྒྱལ་ས་ཝ་ཤིན་ཏུན་དང་། ཝིར་ཇི་ནི་ཡ། མ་རོས་ལན་ཌི། ཧྥི་ལི་ཌེ་ཧྥུ་ཡ། ནིག་ཇིར་སུའི་མངའ་སྡེ་སོགས་ནང་བབས་འདུག

ཁ་བ་ཁྲོད་ཀྱི་ཝ་ཤིན་ཏུང༌།

Tuesday, February 9th, 2010

ཚེས་༥ཉིན་གྱི་དགོང་མོ་ནས་ཚེས་༦་ཉིན་གང་བོར་ཨ་རིའི་རྒྱལ་ས་ཝ་ཤིན་ཏུང་ལ་ཁ་བ་ཆེན་པོ་བབས། གྲོང་ཁྱེར་ནང་དུ་ཨིན་ཀྲི་ཉེར་བཞི་བབས་སོང༌། གྲོང་ཁྱེར་འདིའི་ནང་ཁ་བ་འབབ་ཚད་ཀྱི་ཟིན་ཐོ་གཏོར་མེད་ཀྱང༌། ལོ་རྒྱུས་ནང་གི་ཁ་བ་འབབ་ཚད་ཆེ་ཤོས་ཞིག་རེད།  དབུས་གཞུང་གི་ལས་ཁུངས་ཚང་མ་རེས་གཟའ་ཟླ་བ་ནས་ལྷག་པ་བར་ཛ་དྲག་གི་གུང་གསེང་བཏང་བྱུང༌། གཟའ་ཕུར་བུའི་ཉིན་ཀྱང་ལས་ཁུངས་སུ་འགྲོ་ཐུབ་མིན་ཐེ་ཚོམ་གྱི་གནས་སུ་འདུག ང་ཁ་བ་ལ་དུངས་བས།ཚེས་༧་ཉིན་པར་ཆས་ལག་ཏུ་བཟུང་ནས་ཝ་ཤིན་ཏུང་གྲོང་ཁྱེར་ནང་བསྐོར་བ་ཐེངས་གཅིག་བརྒྱབ་པ་ཡིན། ངོ་མ་འགྲོ་བསྐྱོད་ལས་སླ་བོ་མི་འདུག   རླངས་འཁོར་ཁ་ཤས་ལམ་དཀྱིལ་དུ་འགག་འདུག ང་རང་བོད་དུ་ཡོད་སྐབས་ཀྱང་ཁ་བ་འདི་འདྲའི་མཐུག་པོ་མཐོང་མ་མྱོང༌། ངའི་རླངས་འཁོར་ཀྱང་ལམ་དཀྱིལ་དུ་འགག་སྐབས། མི་སེམས་བཟང་ཁ་ཤས་མཉམ་རུབ་ཀྱིས་རོགས་རམ་འོག་ནས་ཐར་བྱུང༌།ངས་ཉེན་ཁར་མ་འཛེམས་པར་ཁ་བ་མཐུག་པོའི་ཁྲོད་གྲོང་ཁྱེར་འདིའི་ནང་བསྐོར་བསྐྱོད་བྱེད་དོན་ནི། ཁ་བའི་མེ་ཏོག་གིས་རྒྱན་པའི་གྲོང་ཁྱེར་འདིའི་རྣམ་པ་པར་རྒྱག་ཆེད་ཡིན། དེ་བས་པར་ཁག་ཅིག་ཟིན་བྲིས་ཀློག་མཁན་རྣམ་པའི་སྤྱན་ལམ་དུ་འབུལ་ཡོད།

img_2225

  རྩོམ་ཡིག་ཆ་ཚང་ལ་གཟིགས་རོགས། »

རྒྱ་བོད་འབྲེལ་མོལ་ལ་ཡང་བསྐྱར་གོ་ནོར་ཐེབས་འདུག

Friday, February 5th, 2010

བོད་རྒྱའི་འབྲེལ་མོལ་ཐེངས་དགུ་བའི་སྐབས་བཙན་བྱོལ་བོད་གཞུང་གིས་རྒྱ་ནག་ཀྲུང་ཧ་མི་མང་སྤྱི་མཐུན་རྒྱལ་ཁབ་གྱི་རྩ་ཁྲིམས་སྒྲོམ་གཞི་འོག་ནས“བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།”ཞེས་པའི་ཡིག་ཆ་དེ་གཞི་ལ་བཞག་ནས་གྲོས་མོལ་བྱེད་ཐུབ་པའི་རེ་བ་བཅིངས་ཡོད་ནའང༌།རྒྱ་ནག་གཞུང་གིས་ཡིག་ཆ་དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་འགལ་ཡོད་པས་རྒྱལ་ཁབ་ཀྱི་བདག་དབང་སྐོར་ལ་སྐད་ཆ་བྱེད་རྒྱུ་གང་ཡང་མེད་ཞེས་ལན་འདེབས་བྱས་འདུག  

gyariའདས་པའི་ལོ་ཉི་ཤུ་དང་།དམིགས་བསལ་འདས་པའི་དགུའི་རིང་བཀའ་བློན་ཁྲི་བས་ནུས་ཤུགས་གང་ཡོད་ཐོིན་ནས་བོད་རྒྱ་ནག་ནས་ཁ་བྲལ་རྒྱུ་མིན་པ་དང༌།རྒྱ་ནག་གི་རྩ་ཁྲིམས་འོག་བོད་དོན་ཐག་གཅོད་བྱེད་འདོད་པ་དེ་དོན་དངོས་ཡིན་པ་རྒྱ་ནག་གཞུང་ལ་བདེན་དཔང་སྤྲོད་གང་ཐུབ་བྱས་པའི་རྗེས། བོད་རྒྱའི་འབྲེལ་མོལ་ཐེངས་བརྒྱད་བའི་སྐབས་བཙན་བྱོལ་བོད་གཞུང་གིས་“བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།”ཞེས་པ་རྒྱ་ནག་གཞུང་ལ་སྤྲད་ཡོད་པ་རེད།ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཡིག་ཆ་དེ་རྒྱ་ནག་གི་རྩ་ཁྲིམས་དང་འགལ་འདུག་ཟེར་ནས་ངོས་ལེན་བྱས་མི་འདུགད་ནི་བཙན་བྱོལ་བོད་གཞུང་གིས་མུ་མཐུད་དུ་རྒྱ་ནག་གཞུང་ལ་སྤྲད་པའི་“བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར།”ཡིག་ཆ་དེ་རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པ་ཞིག་ཡིན་ཚུལ་རྒྱ་ནག་གཞུང་ལ་འགྲེལ་བརྗོད་ཁྲོད་ནས་མི་མང་གིས་ཐད་ཀར་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བའི་དུས་ཡུན་མཇུག་རྫོགས་རྒྱུ་ཡིན་ནམ།?