April, 2011

...now browsing by month

 

གྲ་བ་བཙན་ཁྲིད་དང་། མི་མང་ལ་གཅར་རྡུང་།

Friday, April 22nd, 2011

ཨ་མདོ་རྔ་བ་ཀིརྟི་དགོན་པའི་གྲ་བ་སུམ་བརྒྱ་ལྷག་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ནས་ས་གནས་གཞན་ཞིག་ཏུ་ཁྲིད་ཡོད་པ་མ་ཟད།    མི་མང་ཚོར་གཅར་རྡུང་བཏང་བ་དང་།   དགོན་པའི་ཐོག་མུ་མཐུད་དུ་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་སོགས་གྱི་ཛ་དྲག་གི་གནས་སྟངས་ཐད།   ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་མཉམ་དུ་གླེང་མོལ་བྱས་པར་ཉན་རོགས་ཞུ།

kritimonastery-3052

རྔ་བ་ཁུལ་དུ་རྒྱ་དམ་དྲག

Monday, April 18th, 2011

ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགོན་བདག་དང་། བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་བ་ཀིརྟི་རིན་པོ་ཆེ་ཡིས།  རྒྱ་ནག་གི་འགོ་ཁྲིད་ཚོར་རྔ་བ་ཁུལ་དུ་དམ་དྲག་མཚམས་འཇོག་བྱེད་དགོས་པའི་འབོད་སྐུལ་དང་།  མི་མང་ལ་སེམས་གསོའི་གསུང་འཕྲིན་གནང་ཡོད་པ། 

 

kirti-rinpoche

ཀིརྟི་རིན་པོ་ཆེ།

 དེ་བཞིན་རྔ་བ་ཁུལ་གྱི་ཛ་དྲག་གི་གནས་སྟངས་ཐད།   ཀིརྟི་བྱེས་པ་གྲ་ཚང་གི་བོད་གནས་འབྲེལ་མཐུད་པ་ཀ་ཉག་ཚེ་རིང་ལགས་དང་། མཉམ་དུ་གླེང་མོལ་བྱས་པར་ཉན་རོགས་གནོངས