September, 2011

...now browsing by month

 

གསར་འགྱུར།

Friday, September 30th, 2011

 

    ཨ་མདོ་རྔ་པ་ཀིརྟི་དགོན་པའི་གྲ་པ་གཉིས་ཀྱིས་རང་ལུས་མར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་འདུག   ཚེས་༢༥ཉིན་ ཨ་མདོ་རྔ་པ་ཀིརྟི་དགོན་པའི་གྲ་པ།  བློ་བཟང་སྐལ་བཟང་དང་།  བློ་བཟང་དཀོན་མཆོག་གཉིས་ཀྱིས་རྔ་པ་རྫོང་གི་ཁྲོམ་གཞུང་དུ།  རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག བོད་ལ་ཆོས་དད་རང་དབང་དགོས་སོགས་ཀྱི་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་བཏང་འདུག རང་ལུས་མེ་བསྲེགས་གཏོང་མཁན་ཁོང་གཉིས་ཆ་རང་ལོ་༡༨་ཡིན་པ་དང་། རྔ་པ་རྫོང་རྨེའུ་རུ་མའི་རུ་ཆེན་གཉིས་ནས་ཡིན་འདུག ནང་མི་ཉེ་འབྲེལ་རྣམས་ཀྱིས་ཁོང་གཉིས་གང་དུ་ཡོད་མེད་ཤེས་རྟོགས་མེད་ནའང། རྒྱ་ནག་གཞུང་འབྲེལ་ཤིན་ཧྭ་གསར་སྤེལ་ཁང་གིས།  ཁོང་གཉིས་སྲོག་སྐྱོབ་བྱས་ཏེ་སྨན་བཅོས་བྱེད་བཞིན་ཡོད་པས། ད་ལྟ་སྲོག་གི་ཉེན་ཁ་ལས་ཐར་ཡོད་ཚུལ་གནས་ཚུལ་སྤེལ་འདུག

 དབུས་བོད་མིའི་སྒྲིག་འཛུགས་དང་།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སླར་ཡང་ཀིརྟི་དགོན་པའི་དགེ་འདུན་པ་གཉིས་ནས་རང་ལུས་མེར་སྲེག་བཏང་ནས།  འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་ལྟར་སྤེལ་བཞིན་པ་དེས། བོད་མི་ཚོ་དཀའ་ངལ་གྱི་གནས་སྟངས་ཇི་འདྲ་ཞིག་གི་འོག་གནས་ཡོད་པ། ར་སྤྲོད་གསལ་པོ་བྱེད་ཐུབ་པས་རྒྱ་ནག་གཞུང་འཛིན་པ་ཚོར། བོད་ཀྱི་ས་ཁུལ་ཁྱོན་ཡོངས་སུ་འཛིན་པའི་། དམ་དྲག་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེར་བསྐྱར་དུ་བསམ་ཞིབ་བྱ་དགོས་པ་དང་།  བོད་མི་ཚོའི་དཀའ་ངལ་འཕྲལ་དུ་ཞི་བའི་ཐོག་ནས་སེལ་དགོས་པའི་རེ་འབོད་ཞུས་འདུག

 

   གོང་ས་རྒྱལ་བ་རིན་པོ་ཆེ་ཡིས་། སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས།  སུ་ཞིག་གིས་ཁོང་གི་ཡང་སྤྲུལ་འདེམས་སྒྲུག་བྱས་པ་ཡིན་ན། དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་། དད་མོས་བྱེད་མི་དགོས། ཞེས་ཡོང་ཁྱབ་ཀྱི་གསུང་འཕྲིན་ཞིག་བསྩལ་འདུག

ཉེ་ལམ་རྡ་རམ་ས་ལར་འཚོགས་པའི་ཆོས་ལུཊ་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག  གོང་ས་མཆོག་གིས་བཀའ་ཡིག་བསྩལ་ཡོད་པ་དེའི་ནང༌།  ཡང་སྲིད་གྱི་བྱུང་རབས་དང་། དགོས་མཁོ་སོགས་ངོ་སྤྲོད་གསལ་བཤད་གནང་བ་འབྲེལ། ༧སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ། དེའི་བྱེད་སྒོའི་འགན་ཁུར་གཙོ་བོ། ཏཱ་ལའི་བླ་མའི་བླ་བྲང་། དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་། དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ཞེས་དང་།   ཡང་གསུང་འཕྲིན་ནང་། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་གེ་འཇོག་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་། ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས། གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་། ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་། དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་། དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་ཅེས་བཀོད་འདུག ཡིན་ནའང། རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་ཧོང་ལིས་ཡིས་། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བརྒྱུད་རིམ་དེ་ནི། རྒྱལ་ཁབ་ཀྱི་ཁྲིམས་ལུཌ་དང་། སྒྲིག་སྲོལ་གཏན་འབེབས་བྱས་པ་གཞིར་བཟུང་བྱེད་དགོས་པ་དང་། ཏ་ལའི་བླ་མའི་མཚན་གནས་དེ་རྒྱ་ནག་དབུས་གཞུང་གིས་ཕུལ་དགོས་གི་ཡོད་ལུགས་པེ་ཅིང་དུ། རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོཌ་ཐོག་བརྗོད་འདུག་

 

   ཡང་ཟླ་བ་འདིའི་ཚེས༢༢་ནས་༢༤བར།  ཉིན་གསུམ་རིང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི། ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག  རྒྱ་བལ་འབྲུག་གསུམ་དུ་བཞུགས་པའི་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། ཆོས་ལུགས་སྤྱི་འཐུས་བཅས་ཁྱོན་མི་ ༥༠ ལྷག་འདུ་འཛོམས་བྱུང་ནས་ ཆོས་དོན་ལྷན་ཚོགས་དང་། དཔལ་རྒྱལ་བ་ཇོ་ནང་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་ནས་མཇུག་སྡོམ་་གྲོས་ཆོད་བཞག་ཡོད་པ་ནི། བཙུན་མའི་རྒྱུགས་སྤྲོད་དང་། མཚན་གནས་ཁུངས་སོ་སོས་ཐག་གཅོད་བྱ་རྒྱུ་དང་། ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་གཞི་བསྐྱར་བཅོས་ཡོང་ཐབས་བྱ་རྒྱུ། ཇོ་ནང་པ་ནི་ལྟ་གྲུབ་དང་ཆོས་བརྒྱུད་གང་ཐད་ནས་རང་རྐང་ཚུགས་ཐུབ་པ་ཞིག་ཡིན་པར་ངོས་འཛིན་བྱས་ཡོད་པ་བཅས། ཐག་གཅོད་བྱས་འདུག།

 

༤ དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་འདུན་པ་ ༡༡ གིས་ཕྱི་ཟླ་ ༨ ཚེས་ ༡༦ ནས་བཟུང་མྱ་ངན་གོམ་བགྲོད་ཞེས་པའི་། ལས་འགུལ་མགོ་འཛུགས་ཀྱིས་། རྒྱ་གར་གྱི་མངའ་སྡེ་མང་པོའི་ནང་གོམ་བགྲོད་གནང་མཐར་ཚེས་༢༧ཉིནརྡ་རམ་ས་ལར་འབྱོར་འདུག།  

རྡ་རམ་ས་ལའི་དཔའ་བོའི་རྗེས་དྲན་རྡོ་རིང་གི་མདུན་ཐང་དུ་། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་དབུ་ཁྲིད་རྣམས་དང་། སྐྱ་སེར་མི་མང་བརྒྱ་ཕྲག་བརྒལ་བ་ཞིག་གི་ཕེབས་ མཇལ་དར་བསྒྲོན་ཏེ་ཕེབས་བསུ་དང་།  རྒྱབ་སྐྱོར་གྱི་གཏམ་བཤད་བྱས་ནས་ ཁོང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད ། གོམ་བགྲོད་གནང་མཁན་དགེ་འདུན་པ་དེ་དག་གིས་། སང་ཉིན་ནས་བཟུང་ཉིན་གསུམ་རིང་གཙུག་ལག་ཁང་གི་སྒོ་འགྲམ་དུ་ཟས་བཅད་ངོ་རྒོལ་གནང་རྒྱུ་ཡིན་འདུག  

༧གོང་ས་མཆོག་གིས་ཁོང་ཡང་སྤྲུལ་སྐོར་ལ་་གནང་བའི་གསུང་བཤད་དང་། གསུང་འཕྲིན།

Friday, September 30th, 2011

ཡང་ཟླ་བ་འདིའི་ཚེས༢༢་ནས་༢༤བར།  ཉིན་གསུམ་རིང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི། ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག  རྒྱ་བལ་འབྲུག་གསུམ་དུ་བཞུགས་པའི་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། ཆོས་ལུགས་སྤྱི་འཐུས་བཅས་ཁྱོན་མི་ ༥༠ ལྷག་འདུ་འཛོམས་བྱུང་ནས་ ཆོས་དོན་ལྷན་ཚོགས་དང་། དཔལ་རྒྱལ་བ་ཇོ་ནང་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་ནས་མཇུག་སྡོམ་་གྲོས་ཆོད་བཞག་ཡོད་པ་ནི། བཙུན་མའི་རྒྱུགས་སྤྲོད་དང་། མཚན་གནས་ཁུངས་སོ་སོས་ཐག་གཅོད་བྱ་རྒྱུ་དང་། ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་གཞི་བསྐྱར་བཅོས་ཡོང་ཐབས་བྱ་རྒྱུ། ཇོ་ནང་པ་ནི་ལྟ་གྲུབ་དང་ཆོས་བརྒྱུད་གང་ཐད་ནས་རང་རྐང་ཚུགས་ཐུབ་པ་ཞིག་ཡིན་པར་ངོས་འཛིན་བྱས་པ་བཅས་ཀྱི་ཐག་གཅོད་བྱས་འདུག

img_9279

ཉེ་ལམ་རྡ་རམ་ས་ལར་འཚོགས་པའི་ཆོས་ལུཊ་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག  གོང་ས་རྒྱལ་བ་རིན་པོ་ཆེ་ཡིས་། སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས།  སུ་ཞིག་གིས་ཁོང་གི་ཡང་སྤྲུལ་འདེམས་སྒྲུག་བྱས་པ་ཡིན་ན། དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་། དད་མོས་བྱེད་མི་དགོས། ཞེས་ཡོང་ཁྱབ་ཀྱི་བཀའ་ཡིག་ཞིག་བསྩལ་འདུག  གོང་ས་མཆོག་གིས་བཀའ་ཡིག་དེའི་ནང༌།  ཡང་སྲིད་གྱི་བྱུང་རབས་དང་། དགོས་མཁོ་སོགས་ངོ་སྤྲོད་གསལ་བཤད་གནང་བ་འབྲེལ། ༧སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ། དེའི་བྱེད་སྒོའི་འགན་ཁུར་གཙོ་བོ། ཏཱ་ལའི་བླ་མའི་བླ་བྲང་། དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་། དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ཞེས་དང་།   ཡང་གསུང་འཕྲིན་ནང་། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་གེ་འཇོག་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་། ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས། གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་། ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་། དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་། དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་ཅེས་བཀོད་འདུག ཡིན་ནའང། རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་ཧོང་ལིས་ཡིས་། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བརྒྱུད་རིམ་དེ་ནི། རྒྱལ་ཁབ་ཀྱི་ཁྲིམས་ལུཌ་དང་། སྒྲིག་སྲོལ་གཏན་འབེབས་བྱས་པ་གཞིར་བཟུང་བྱེད་དགོས་པ་དང་། ཏ་ལའི་བླ་མའི་མཚན་གནས་དེ་རྒྱ་ནག་དབུས་གཞུང་གིས་ཕུལ་དགོས་གི་ཡོད་ལུགས་པེ་ཅིང་དུ། རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོཌ་ཐོག་བརྗོད་འདུག   བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་།  གཡུང་དྲུང་བོན་གྱི་བླ་ཆེན་རྣམས་ལྷན་འཛོགས་ཀྱི་ཆོས་ལུཊ་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག  གོང་ས་རྒྱལ་བ་རིན་པོ་ཆེ་ཡིས་། ཁོང་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་ལ་བཀའ་སློབ་དང་།   ཡོངས་ཁྱབ་གསུང་འཕྲིན་ཞིག་བསྩལ་ཡོད་པའི་གནས་ཚུལ་ ༼རང་དབང་གི་གླེང་སྟེགས་༽ ཞེས་པའི་ལེ་ཚན་ནང་རྒྱང་སྲིང་བྱས་པར་ཡོད་ཉན་འདོད་ན་སྦྲེལ་ཐག་འདིར་མཐུད་རོགས་ཞུ