November, 2011

...now browsing by month

 

གསར་འགྱུར།

Tuesday, November 22nd, 2011

 ཨ་མདོ་མགོ་ལོག་རྭ་རྒྱ་དགོན་པའི་ཚོགས་ཆེན་འདུ་ཁང་གི་གསེར་ཏོག་སྟེང་། བོད་ཀྱི་རྒྱལ་དར་གཉིས་ཀྱི་བར་དུ་༧གོང་ས་མཆོག་གི་སྐུ་པར་བཅས་གཤམས་ཡོད་འདུག་།  བོད་ནས་གནས་ཚུལ་འབྱོར་པ་ལྟར་ན།   ཨ་མདོ་ཁུལ་གྱི་ལོ་ཐོ་བརྩི་སྟངས་ལྟར་ན། ཟླ་བ་འདིའི་ཚེས ༢༠ཉིན་ནི།   ཧོར་ཟླ་བཅུ་བའི་ཚེས་ ༢༥ ལྔ་སྟེ། དགའ་ལྡན་ལྔ་མཆོད་ཆེན་མོའི་དུས་ཆེན་ལ་འཁེལ་ཡོད་སྟབས། ཉིན་དེའི་ཞོགས་པར།  རྭ་རྒྱ་དགོན་པའི་གྲྭ་མང་དང་མཇལ་སྐོར་བ་ཚོས། འདུ་ཁང་གསེར་ཏོག་སྟེང་གི་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་བཅས་གསལ་བོར་མཐོང་ཡོད་ཀྱང་། ཅུང་མ་འགོར་པར་རྭ་རྒྱ་དགོན་པའི་ཉེ་འཁྲིས་སུ་ཡོད་པའི།  རྒྱུད་མགོ་ཞང་གི་ཉེན་རྟོག་པ་དང་།  དགོན་པའི་དོ་དམ་ཁང་གི་མི་སྣ་ཡོང་སྟེ་བོད་ཀྱི་རྒྱལ་དར་དང་།  གོང་ས་མཆོག་གི་སྐུ་པར་སོགས་མར་བླངས་ཏེ་གཞུང་ལས་ཁང་དུ་འཁྱེར་ཡོད་པ་དང་།  ད་ལྟའི་ཆར་རྒྱ་ནག་གཞུང་གིས་དོན་རྐྱེན་འདིའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་འདུག

 

ཨ་རིའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་རྒྱ་ནག་ནང་། ཡོད་པའི་ཨ་རིའི་གཞུང་ཚབ་པ་ཆེན་མོ་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད་བོད་ནང་ཕེབས་དགོས་པའི་འབོད་སྐུལ་གནང་ཡོད་འདུག

ཨ་མི་རི་ཀའི་གྲོས་ཚོགས་ཀྱི་Tom Lantos འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་གི་འཐུས་མི་སྐུ་ཞབསFrank Wolf གཙོས་པའི་གྲོས་ཚོགས་ཀྱི་འཐུས་མི་གསུམ་གྱི་མཚན་ཐོག།   རྒྱ་ནག་ནང་ཡོད་པའི་ཨ་རིའི་གཞུང་ཚབ་པ། སྐུ་ཞབས་གྷེ་རི་ ལོཀ་ལ་ཡི་གེ་ཞིག་གནང་ཡོད་པའི་ནང་། བོད་ནང་གི་དངོས་ཡོད་གནས་སྟངས་རྟོག་ཞིབ་ཆེད།  བོད་ནང་ཕེབས་དགོས་པ་མ་ཟད་།  རྒྱ་ནག་གཞུང་གིས་བོད་ནང་དྲག་གནོན་གྱི་སྲིད་བྱུས་འཛིན་བཞིན་པ་དེའི་ཐོག། ཐུགས་འཚབ་ཡོད་པ་རྒྱ་ནག་གི་དཔོན་རིགས་ཚོར་གསལ་སྟོན་དགོས་པ་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོར་། ཨ་རིའི་ནང་བོད་ལ་རྒྱབ་སྐྱོར་བྱེད་མཁན་གྱི་གྲོགས་པོ་ཡོད་པའི་གནས་ཚུལ་གསལ་པོར་ཤེས་ཐུབ་པ་བྱེད་དགོས་ཞེས་བཀོད་འདུག།

ཚེས་ ༢༡ཉིན་སུད་ཝེ་སི་ཕྱི་སྲིད་ལྷན་ཁང་གིས།  བོད་ནང་གི་ད་ལྟའི་གནས་སྟངས་ཐོག་སེམས་ཚབས་ཆེན་པོ་ཡོད་སྐོར་གྱི་གསལ་བསྒྲགས་ཞིག་སྤེལ་འདུག གསལ་བསྒྲགས་དེའི་ནང་།  བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱིས། རང་ལུས་མེར་སྲེག་བཏང་སྟེ། རྒྱ་ནག་གཞུང་གི་སྲིད་བྱུས་ལ།  ངོ་རྒོལ་བྱས་པའི་གནས་སྟངས་དེ་ནི། ཧ་ཅང་སེམས་ཚབས་བྱེད་དགོས་པའི་གནད་དོན་ཞིག་ཆགས་ཡོད། རྒྱ་ནག་དང་། ལྷག་པར་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ནི། སུད་ཝེ་སི་དང་རྒྱ་ནག་གཞུང་དབར།  གྲོས་མོལ་ཡང་ཡང་བྱེད་རྒྱུའི་གནད་དོན་ཞིག་ཡིན་ཞེས་འཁོད་འདུག།  ཉིན་དེར་སུད་ཝེ་སི་ནང་གཞུང་དོན་དུ་ཕེབས་ཡོད་པའི་བཀའ་བློན་ཁྲི་བ་བློ་བཟང་སེང་གེ་ལགས་ སུད་སི་ཕྱི་སྲིད་ལྷན་ཁང་གི་ལས་བྱེད་མཐོ་གྲས་ཤིག་དང་ དེ་བཞིན་སུད་སི་གྲོས་ཚོགས་ཀྱི་། བོད་དོན་རྒྱབ་སྐྱོར་ཚོགས་པའི་། ཐུས་མི་ཁག་ཅིག་ལ་མཇལ་འཕྲད་གནང་ནས་བོད་དོན་སྐོར་གླེང་མོལ་གནང་འདུག

ཕ་རན་སིའི་སྲིད་འཛིན་ཟུར་པའི་ལྕམ་སྐུ་་རྡ་ཉེ་ལ།  མེ་ཐི་རོན་ཚེས་ ༢༡ ཉིན་འདས་གྲོངས་སུ་གྱུར་བར། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་། ཐུགས་གསོའི་ཕྱག་བྲིས་ཤིག་ཕུལ་འདུག  ཕྱག་ཡིག་དེའི་ནང་། ལྕམ་སྐུ་རྡ་ཉེ་ལ།  མེ་ཐི་རོན་མཆོག་འདས་གྲོངས་སུ་གྱུར་བའི།  ཡིད་སྐྱོའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས། གདུང་སེམས་མཉམ་སྐྱེས་དང་། མྱ་ངན་གུས་བཀུར་ཞུ་རྒྱུ་ཡིན། ལྕམ་སྐུ་དམ་པ་ཁོང་ནི་གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ། གུས་བཀུར་ཧ་ཅང་ཆེན་པོ་ཞུ་མཁན་ཞིག་ཡིན་པ་མ་ཟད། བོད་མི་ཚོར་ཧ་ཅང་སེམས་ཐག་ཉེ་བའི་མཛའ་གྲོགས་དང་། རྒྱབ་སྐྱོར་གནང་མཁན་ཞིག་ཀྱང་ཡིན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གིས། དམ་པ་ཁོང་གི་རྗེས་ཤུལ་ནང་མི་སྤུན་མཆེད་ཚོར།  གདུང་སེམས་མཉམ་སྐྱེའི་སེམས་གསོ་ཞུ་རྒྱུ་མ་ཟད། དམ་པ་ཁོང་ལ་གསོལ་འདེབས་སྨོན་ལམ་ཡང་ཞུ་རྒྱུ་ཡིན་ཞེས་བཀོད་འདུག ལྕམ་མེ་ཐི་རོན་༡༩༩༡ ལོར་བཞུགས་སྒར་རྡ་རམ་ས་ལར་ཆེད་ཕེབས་གནང་ནས་།  བོད་དོན་ལ་རྒྱབ་སྐྱོར་ གནང་པར་མ་ཟད་། ཁོང་གི་སྐུ་ཚེ་ཧྲིལ་བོར་འགྲོ་བ་མིའི་ཐོབ་ཐང་དར་སྤེལ་ཆེད་ཕྱག་ལས་གནང་ཡོད་པ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་རྩོམ་པ་པོ་དང་ཤེས་ཡོན་ཅན་ཚོར་དམ་དྲག་བྱེད་བཞིན་པ།

Tuesday, November 22nd, 2011

རྒྱ་ནག་གཞུང་གིས་བོད་ནང་། རྩོམ་པ་པོ་མི་ཉུང་བ་ཞིག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་མ་ཟད། མུ་མཐུད་ནས་རྩོམ་པ་པོ་དང་། ཤེས་ཡོན་ཅན་ཚོའི་ཐོག་དམ་དྲག་བྱེད་བཞིན་པའི་ཐད་ལ། ཕེན་ཕྱི་སྡོད་བོད་མིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོ་ཆབ་བྲག་ལྷ་མོ་ལགས་དང་མཉམ་དུ་དཔལ་ལྡན་རྒྱལ་གྱིས་གླེང་མོལ་བྱས་ཡོད།lhamo-chap
སྦྲེལ་ཐག་འདིར་མཐུད་ནས་གསན་རོགས།

ཀིརྟི་རིན་པོ་ཆེ་ལ་བཅར་འདྲི།

Friday, November 4th, 2011

ཉེ་བའི་ཟླ་བ་ཁ་ཤས་རིང་ཨ་མདོ་རྔ་བ་གཙོས་པའི། བོད་གྱི་ས་ཁུལ་ཁག་ཅིག་ཏུ། རང་ལུས་མེ་བསྲེགས་བཏང་ནས། རྒྱ་ནག་གཞུང་གིས་བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་ངོ་རྒོལ། གཅིག་རྗེས་ཉིས་མཐུད་དུ་བྱས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ལ་ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགོན་བདག བཙན་བྱོལ་བོད་གཞུང་གི་བཀའ་བློན་ཟུར་བ་ ཀིརྟི་རིན་པོ་ཆེ་ལ་བཅར་འདྲི་ཞུས་ཡོད།