June, 2013

...now browsing by month

 

ཨ་ཙ་ཙ།

Monday, June 24th, 2013

གསར་འགོད་པས་གླང་ཆེན་གྱི་སྣ་བཞིན་གང་སར་དྲི་བསྣམས་དུ་སོང་ན།  ཆབ་སྲིད་པས་གླང་ཆེན་གྱི་སྣ་ལ་འབིགས་གཙགས་བྱེད་ཀྱིན་འདུག  ཨ་ཙ་ཙ།

image

གཟབ་གཟབ་མ་བྱས་པ་ཡིན་ན།  ཆབ་སྲིད་པས་ཁོང་ཚོའི་སྣང་ངོར་དྲི་མ་ཞིམ་པོ་ཡིན་བསམ་པ་དེ། ཐབས་བརྒྱ་ཇུས་སྟོང་གིས་གསར་འགོད་པ་དང་།  མི་མང་ལའང་དྲི་མ་ཞིམ་པོ་ཡིན་པ་སྣང་བརྙན་སྤྲོད་ཐབས་བྱེད་པ་མ་ཟད་།   དྲི་མ་ལ་བསྣམ་དུ་ཤོག་ཅེས་མགྲོན་འབོད་ཀྱང་བྱེད་ངེས་ཡིན།  ཡང་ཆབ་སྲིད་པས་དྲི་མ་མི་ཞིམ་པའི་མཐའ་ལ་ལྕགས་དྲས་བསྐོར་ངེས་ཡིན་ལ།  དྲི་མ་དེ་བསྣམས་དུ་འགྲོ་དུས་ཁྱེད་ཀྱི་སྣ་ལ་འབིགས་གཙགས་ཐེབས་ངེས་ཡིན།

ཟླ་བ་ཆེ་ཤོས།

Sunday, June 23rd, 2013

གཤམ་གྱི་པར་འདི་ངས་རང་གི་སྡོད་ཁང་གི་སྒེའུ་ཁུང་ནས་བརྒྱབ་པའི་པར་ཡིན། དེ་རིང་གི་ཟླ་བ་འདི་ནི་ལོ་གཅིག་གི་ནང་སའི་གོ་ལ་དང་ཐག་ཉེ་ཤོས་ལ་སླེབས་པའི་ཟླ་བ་ཡིན་པས་ད་ལོའི་ཟླ་བ་ཆེ་ཤོས་དང།   འོད་མདངས་འཚེར་ཤོས་དེ་རེད།

image

རྡེའུ་འབུམ།

Friday, June 21st, 2013

༼རྡེའུ་འབུམ། བོད་ཀྱི་བུད་མེད་དཀྱུས་མ་ཞིག་གི་མི་ཚེའི་ལོ་རྒྱུས།༽ ཞེས་པའི་དེབ་དེ་ནི། ཀུན་བཟང་སྒྲོལ་མ་ལགས་ཀྱིས་ཞེད་སྣང་དང་། འཛེམས་དོགས་མེད་པར་༡༩༩༠ ནང་བོད་ཀྱི་ཨ་མདོ་ས་ཁུལ་དུ་བུ་མོ་ཆུང་ཆུང་ཞིག་གིས་དཀའ་སྡུག་ཆེ་བའི་འཚོ་བར་གདོང་ལེན་བྱས་པའི་མྱོང་ཚོར་དང་། དེ་ནས་བཙན་བྱོལ་དུ་འབྱོར་ནས་རྒྱ་གར་དུ་སྐྱབས་བཅོལ་བའི་འཚོ་བ་རོལ་བའི་ཉམས་མྱོང་། དེའི་རྗེས་ཨ་རིར་ཕེབས་ཏེ་ལུགས་སྲོལ་དང་། གོམས་གཤིས། སྐད་ཡིག་སོགས་མི་གཅིག་པའི་སྤྱི་ཚོགས་ཞིག་གི་ནང་འཚོ་བ་གསར་བ་འགོ་འཛུགས་བྱས་བའི་བརྒྱུད་རིམ་གསལ་བོར་འཁོད་ཡོད་པ་རེད།

Kunsang dolma

ང་རང་གིས་ཤེས་ཚོད་ལ་ཀུན་བཟང་སྒྲོལ་མ་ལགས་ཀྱིས་བྲིས་པའི་ ༼ རྡེའུ་འབུམ།  བོད་ཀྱི་བུད་མེད་དཀྱུས་མ་ཞིག་གི་མི་ཚེའི་ལོ་རྒྱུས།༽ཞེས་པའི་དེབ་འདི་ནི། བོད་ཀྱི་བུད་མེད་དཀྱུས་མ་ལོ་ཆུང་ཞིག་གིས་མི་ཚེའི་ལོ་རྒྱུས་ཀྱི་དེབ་ཞིག་ཨ་རིའི་ནང་དབྱིན་ཡིག་ཐོག་པར་བསྐྲུན་བྱས་པ་ཐོག་མ་དེ་རེད། ཀུན་བཟང་སྒྲོལ་མ་ལགས་ནི་ལོ་ན་༣༢ ཡིན་པ་དང་། དེང་སྐབས་ཨ་རིའི་ཤར་ཕྱོགས་Maine མངའ་སྡེའི་ནང་གནས་སྡོད་བྱས་ཡོད་ལ།   ཁོང་གི་གཟའ་ཟླ་ཨེ་ཝན་དང་ཁོང་གཉིས་ལ་བུ་མོ་གཉིས་ཡོད་པ་རེད།

༼རྡེའུ་འབུམ། བོད་ཀྱི་བུད་མེད་དཀྱུས་མ་ཞིག་གི་མི་ཚེའི་ལོ་རྒྱུས།༽ ཞེས་པའི་དེབ་དེའི རྩོམ་པ་པོ་ཀུན་བཟང་སྒྲོལ་མ་ལགས་དང་མཉམ་དུ་གླེང་མོལ་བྱས་བར་ཉན་འདོད་ཡོད་ན། 

 སྦྲེལ་ཐག་འདིར་མཐུད་རོགས། 

 

འཕྲུལ་དེབ།

Friday, June 21st, 2013

image[1]

དེང་སྐབས་འཕྲུལ་རིག་ཡར་རྒྱས་འགྲོ་བཞིན་པ་དང་བསྟུན་ནས་མི་རྣམས་ཀྱི་ཉིན་རྒྱུན་གྱི་འཚོ་བ་དང་།  ལས་དོན་བྱེད་ཕྱོགས་ལའང་། འགྱུར་བ་འགྲོ་བཞིན་ཡོད་པ་རེད། དཔེ་ཆ་པར་སྐྲུན་ལ་མཚོན་ན། རྡོ་བརྐོས་དང་།  ཤིང་བརྐོས། ལྕགས་པར། པར་སློག་རྒྱག་པ་སོགས་བརྒྱུད་རིམ་གང་མང་ཞིག་བརྒྱུད་ནས་དེང་སྐབས་༼འཕྲུལ་དེབ༽ཟེར་ཞིག་གློག་ཀླད་ནང་པར་བསྐྲུན་བྱས་ནས། ཆུ་ཚོད་སྐར་ཆ་གཅིག་གི་ནང་དྲ་ལམ་བརྒྱུད་ནས་འཛམ་གླིང་ས་ཕྱོགས་གང་སར་བཀྲམས་ཏེ་མི་སྟོང་ཕྲག་མང་པོས་ལྟ་ཀློག་ཐུབ་ཀྱི་ཡོད་པ་རེད། དེ་རིང་གི་ལེ་ཚན་འདིའི་ནང་དུ་། རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་དགོན་པར་སློ་གཉེར་གནང་བཞིན་པའི་ཞོར་ལ་འཕྲུལ་དེབ་བཟོ་མཁན། མཁྱེན་རབ་རྒྱ་མཚོ་འམ། ཤིས་ཚང་ལྗང་སྨྱུག་ལགས་དང་མཉམ་དུ་གླེང་མོལ་བྱེད་རྒྱུ་ཡིན།
 སྦྲེལ་མཐུད་འདིར་མནོན་རོགས།