December, 2013

...now browsing by month

 

ལ་རྩེ་དཔེ་མཛོད་ཁང་།

Tuesday, December 17th, 2013

 ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་ཀུན་ཕན་ཐེབས་རྩ་ཚོགས་པའི་ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་པད་མ་འབུམ་ལགས་དང་ མཉམ་དུ་ལ་རྩེ་དཔེ་མཛོད་ཁང་དང་། བོད་ཀྱི་དེང་རབས་རྩོམ་རིགས་སྐོར་ལ་གླེང་མོལ་བྱེད་རྒྱུ་ཡིན།  པད་མ་འབུམ་ལགས་ནི་བོད་ནང་རྒྱ་ནག་གཞུང་གི་སློབ་གསོའི་འོག་འཚར་ལོངས་བྱུང་ནས།  སྤྱི་ ༡༩༨༠ བརྒྱད་ཅུའི་ནང་།  ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་དགེ་རྒན་གནང་མྱོང་བ་དང་།  ༡༩༨༩ ལོར།  རྒྱ་གར་ལ་བཙན་བྱོལ་དུ་འབྱོར་ནས་། བཙན་བྱོལ་བོད་གཞུང་གི་ཤེས་རིག་ལྷན་ཁང་དུ་ལས་ཀ་བྱས་ཡོད་ལ། དེ་ནས་ཨ་རྨེས་རྨ་ཆེན་བོད་ཀྱི་རིག་གཞུང་ཞིབ་འཇུག་ཁང་གསར་འཛུགས་བྱེད་མཁན་ཀྱི་གྲས་ཀྱང་ཡིན།  དེང་སྐབས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི།  ལ་རྩེ་དཔེ་མཛོད་ཁང་གི་འགན་འཛིན་ལས་ཀ་བྱེད་བཞིན་ཡོད་པ་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཆོག་ལ་བཅར་འདྲི།

Tuesday, December 17th, 2013

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་བཅར་འདྲི་ཞུས་པ་ཡོད། ཚོགས་གཙོ་མཆོག་ལ་བོད་རྒྱའི་གྲོས་མོལ་དང་། རང་ལུས་མེ་སྲེག རྒྱལ་སྤྱིའི་སྟེང་བོད་དོན་ལས་འགུལ་སྤེལ་ཕྱོགས་དང་། དེའི་ནུས་བ། གསར་འགོད་རང་དབང་སོགས་སྐོར་ལ་བཅར་འདྲི་ཞུས་ཡོད།