June, 2014

...now browsing by month

 

བོད་དོན་འཐབ་རྩོད་པ། གླིང་ཚ་ཚེ་བརྟན་རྡོ་རྗེ་བོར་ནས་ལོ་གཅིག་ཕྱིན་པ།

Friday, June 13th, 2014

བོད་དོན་འཐབ་རྩོད་པ།  གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གོམས་བགྲོད་ཐེངས་གཉིས་པའི་སྐབས་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཅིག་ཕྱིན་ཡང་། ད་དུང་ཁོང་གར་སོང་གང་ཡོད་མི་ཤེས་པའི་གནས་སུ་ལྷག་ཡོད།  དེ་ཡང་ཕ་ཡུལ་མདོ་སྨད་བླ་བྲང་ནས་ཡིན་པའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཕྱི་ལོ་༢༠༡༢ལོའི་ཟླ་༣ཚེས་༡༠ཉིན།  རྒྱ་ནག་གཞུང་ལ་དགོས་འདུན་དོན་ཚན་ལྔ་བཏོན་ནས་བཞུགས་སྒར་དྷ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་ཞི་བའི་གོམ་བགྲོད་བྱས་ཡོད་པ་དང་། སྟབས་མ་ལེགས་པར་བལ་ཡུལ་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་ཟླ་ཤས་རིང་བཀག་ཉར་བྱས་རྗེས་གློད་བཀྲོལ་བཏང་ཡོད། དེ་ནས་ཡང་བསྐྱར་ཕྱི་ལོ་༢༠༡༣ལོའི་ཟླ་༣ཚེས་༡༠ཉིན།  གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་ཀྱིས་བཞུགས་སྒར་དྷ་རམ་ས་ལ་ནས་བོད་ཀྱི་རྒྱལ་ས་ལྷ་སའི་བར་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་དེ་འགོ་འཛུགས་ཀྱིས་ཉིན་༨༩འི་རྗེས་ཏེ།  ལོ་དེའི་ཕྱི་ཟླ་༦པའི་ཚེས་༨ཉིན། རྒྱ་གར་ནུབ་བྷང་གྷར་མངའ་སྡེའི་གཱ་ལོན་ཕུག་གི་སེ་རྒྱུད་གྲྭ་ཚང་ནས་ལྕགས་རྟ་དང་། བཅའ་དངོས་སོགས་བཞག་ནས་ཁོང་གར་སོང་ཆ་མེད་དུ་གྱུར་བ་རེད།

10385476_594052850692779_6812850420807179648_n[1]ཁོང་བོར་བརླག་ཏུ་ཕྱིན་པའི་ལོ་གཅིག་གི་ནང་དུ་བཙན་བྱོལ་གཞུང་དམངས་གཉིས་ཀས་དགོས་ངེས་ཅན་གྱི་རྩད་ཞིབ་དང་ནུས་པ་ཐོན་ཐུབ་མེད། ཁོང་གིས་རྒྱ་ནག་གཞུང་ལ་བཏོན་པའི་དགོས་དམིགས་དོན་ཚན་ལྔ་ནི།

༡༽ཆ་རྐྱེན་གང་ཡང་མེད་པར་༧གོང་ས་མཆོག་ཕྱིར་བོད་ནང་དུ་ཕེབས་སུ་འཇུག་དགོས།

༢༽ཆ་རྐྱེན་གང་ཡང་མེད་པར་༧པན་ཆེན་ཆུང་སྲིད་རིན་པོ་ཆེས་གཙོས་བོད་ཀྱི་ཆབ་སྲིད་བཙོན་མ་རྣམས་གློད་བཀྲོལ་གཏོང་དགོས།

༣༽བོད་མིར་རང་གི་སྐད་དང་ཡི་གེ་སྦྱོང་རྒྱུར་རང་དབང་སྤྲོད་དགོས།

༤༽བོད་མིར་རང་ཡུལ་གྱི་ཆོས་གོས་དང་། གོམས་གཤིས་སོགས་རང་དབང་ཆ་ཚང་སྤྲོད་དགོས།

༥༽ད་ལྟ་བོད་ནང་དུ་སྡུག་སྦྱོང་དང་། མནར་གཅོད་གཏོང་མཁན་རྒྱ་ནག་གི་དམག་མི་ཡོངས་རྫོགས་བོད་ནས་ཕྱིར་འཐེན་བྱེད་དགོས། བཅས་རེད།

དེ་རིང་གི་རང་དབང་གི་གླེང་སྟེགས་ཞེས་པའི་ལེ་ཚན་ནང་། བོད་དོན་འཐབ་རྩོད་པ། གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་གར་སོང་ཆ་མེད་དུ་གྱུར་ནས་ལོ་གཅིག་ཕྱིན་པའི་སྐབས་འདིར།  ཁོང་བོར་བརླག་མ་སོང་བའི་ཟླ་གཅིག་གི་སྔོན།  རྒྱ་གར་ནས་བོད་བར་དུ་ཞི་བའི་གོམ་བགྲོད་བྱེད་བཞིན་པའི་ལམ་དུ།  ཁོང་གི་ལས་འགུལ་སྐོར་ལ་དཔལ་ལྡན་རྒྱལ་གྱིས་གླེང་མོལ་ཞུས་པར་ཡོད་ཉན་ན་སྦྲེལ་ག་འདིར་མཐུད་རོགས  སྦྲེལ་ཐག་འདིར་མཐུད་རོགས།