April, 2015

...now browsing by month

 

རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས།

Wednesday, April 15th, 2015

སྐུའི་གཅེན་པོ་རྒྱལ་ལོ་དོན་གྲུབ་མཆོག་གི་སྐུ་ཚེའི་ལོ་རྒྱུས། ༼ཀ་བློན་སྤུངས་གི་ཐུག་པ་བཟོ་མཁན། བཤད་མེད་པའི་བོད་དོན་འཐབ་རྩོད་ལོ་རྒྱུས།༽ཞེས་པའི་དབྱིན་དེབ་སྐོར་ལ་ཚེས་༡༥ ཉིན། ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་དུ་ཡོད་པའི་འཇོན་ཧ་སྦུ་ཁེན་Johns Hopkins སློབ་གྲ་ཆེན་མོའི་ཁོངས་གཏོགས་རྒྱལ་སྤྱིའི་ཞིབ་འཇུག་ཁང་དུ་རྩོམ་པ་པོ་ཨན་ ཐར་སེ་ཐན་གྱིས་གསུངས་བཤད་གནང་བྱུང་།

image

ཁོང་གིས་གསུངས་དོན། རྒྱལ་ལོ་དོན་གྲུབ་ལགས་བཞུགས་སའི་ཀ་བློན་སྤུངས་ཀྱི་མི་རྣམས་ཀྱིས་ཁོང་སུ་ཡིན་པ་ཤེས་ཀྱི་མེད་པར། ཁོང་བཞུགས་ས་དེ་ཐུག་པ་བཟོ་ས་ཞིག་ཡིན་པ་ཤེས་ཀྱིན་འདུག ཡིན་ནའང་༢༠༡༡ ལོར་༧གོང་ས་མཆོག་རྒྱལ་ལོ་དོན་གྲུབ་ལ་གཟིགས་བསྐོར་དུ་ཕེབས་པ་ནས་བཟུང་། ས་གནས་མི་མང་གིས་ཏ་ལའི་བླ་མའི་གཅེན་པོ་གནས་དེར་བཞུགས་ཡོད་པ་ཤེས་ནས་རྒྱལ་ལོ་དོན་གྲུབ་ལགས་ཉིན་གཅིག་གི་ནང་ལ། ས་གནས་མི་མང་ཁྲོད་སྐད་གྲགས་ཅན་ཞིག་ཏུ་གྱུར་འདུག དེའི་སྔོན་ལ་ཁོང་གི་བཞུགས་གནས་ནི་ཐུག་པ་བཟོ་ས་ཞིག་ཡིན་པ་ཤེས་པ་དེ་རེད། དེ་བས་དེབ་ཀྱི་མིང་ལ་༼ཀ་བློན་སྤུངས་གི་ཐུག་པ་བཟོ་མཁན། བཤད་མེད་པའི་བོད་དོན་འཐབ་རྩོད་ལོ་རྒྱུས།༽ ཞེས་བཏགས་པ་ཡིན་ཞེས་འགྲེལ་བརྗོད་གནང་བྱུང་།
ཡང་དེབ་རྩོམ་པ་པོ་ཨན་ ཐར་སེ་ཐན་གྱིས། རྒྱལ་ལོ་དོན་གྲུབ་ལགས་ཀྱིས་རྒྱ་ནག་ནན་ཅིན་དུ་སློབ་སྦྱོང་བྱས་པའི་སྐོར་དང་། ཨ་རིའི་གསང་བའི་ལས་ཁུངས་དང་མཉམ་དུ་ལས་ཀ་བྱས་པ། དེ་བཞིན་ཏིན་ཞའོ་ཕིན་ལ་ཐུག་འཕྲད་ཀྱིས་བོད་རང་བཙན་མ་ཡིན་པར་དོན་དག་གང་ལ་གྲོས་མོལ་བྱེད་ཆོག་གི་རེད་ཞེས་བརྗོད་ནས། བོད་རྒྱ་གྲོས་མོལ་འགོ་འཛུགས་བྱས་པ་སོགས་ལོ་རྒྱུས་རོབ་ཙམ་འགྲེལ་བརྗོད་གནང་བྱུང་། གསུང་བཤད་འགྲུབ་རྗེས་རྩོམ་པ་པོས་དཔེ་དེབ་ལ་མཚན་རྟགས་བཀོད་ཡོད་པ་རེད།