རྫ་ཆུའི་འབྱུང་ཁུངས།

འབྲི་མཁན། དཔལ་ལྡན་རྒྱལ། on November 18th, 2009

རྫ་ཆུའི་(Mekong)འབྱུང་ཁུངས་ཞེས་པའི་བརྙན་འཕྲིན་འདིའི་ནང་དུ། རྫ་ཆུའི་འབབ་རྒྱུད་ཀྱི་རང་བྱུང་ཁོར་ཡུག་གི་གནས་སྟངས་སོགས་ཀྱི་ཐད་མཐོ་སྒང་འདིའི་སྟེང་འཚོ་བཞིན་པའི་འབྲོག་པ་རྣམས་ལ་གནས་ཚུལ་བཅར་འདྲི་བྱས་འདུག འབྲོག་པ་འདི་དག་གི་ཡབ་མྱེས་རྣམས་མཐོ་སྒང་འདིའི་སྟེང་ལོ་ངོ་སྟོང་ཕྲག་མང་པོ་འཚོ་གནས་བྱས་ཡོད་པ་རེད།
རྫ་ཆུ་འམ་མེ་ཁོངས་གཙང་པོ་ནི་འཛམ་གླིང་སྟེང་གི་ཆུ་བོ་འབབ་རྒྱུན་རིང་ཤོས་ཨང་བཅུ་པ་ཡིན་ལ།གཙང་པོ་འདི་བོད་ནས་རྒྱ་ནག དེ་ནས་འབར་མ། ཐའེ་ལན། ལོའོ། ཁོམ་སྦོ་ཀྲི་ཡ། ཝི་ཏི་ནམ་བཅས་ནང་སྤྱི་ལེ་བཞི་སྟོང་སུམ་བརྒྱ་ལྔ་བཅུའི་རིང་ཚད་བརྒྱུད་ནས་རྒྱ་མཚོར་འབབ་ཀྱིན་ཡོད།



1 Comments so far ↓

  1. གངས་རྡེའུ། says:

    སྟོན་འཇུག་གི་རླུང་བུ་རྩྭ་ཐང་ལ་བརྒྱབ་དུས་
    རྩྭི་ཤིང་གི་ཁམིག་བར་ནས་ངུ་ཤམ་འཐེན་དུས་
    གྲང་རང་གི་ལྷག་པ་སྙིང་ལ་བརྒྱབ་དུས་
    ཕ་ཡུལ་གྱི་སྟོན་ཁ་སླེབས་རྟགས་ཡིན་

    ད་ནི་གྲང་ངར་རྒོལ་པོའི་ཁ་བའི་ཁྲོད་
    ད་ནི་་་སྡིག་རྩིབ་ཆེ་བའི་ཁ་བའི་ཁྲོད་
    རེ་བ་དང་ཡིད་ཆེས་དེའི་ཕྱིར་
    མིག་ཆུ་དང་ངུ་ངག་དེའི་ཕྱིར་
    སླར་ཡང་དགུན་ཁ་ཞིག་་ལ་སྒུག་དགོས་བྱུང་ཡོད་

བསམ་ཚུལ་འབྲི་རོགས།





*