དོན་གྲུབ་དབང་ཆེན་ལ་ལོ་དྲུག་གི་ཁྲིམས་ཐག་བཅད་འདུག

འབྲི་མཁན། དཔལ་ལྡན་རྒྱལ། on January 5th, 2010

  འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་སུ་ལོ་དྲུག་གི་བཙོན་འཇུག་ཁྲིམས་ཐག་འདུག།
དེ་ཡང་ཟླ་བ༡༢ཚེས ༢༨ཉིན་ཟི་ལིང་གྲོང་ཁྱེར་འབྲིང་རིམ་མི་མང་ཁྲིམས་ཁང་གིས་གསང་བའི་ངང་འཇིགས་བྲལ་ཞེས་པའི་དངོས་བྱུང་གློག་བརྙན་བཟོ་མཁན་དོན་གྲུབ་དབང་ཆེན་ལགས་སུ་ལོ་དྲུག་གི་ཁྲིམས་

  དོན་གྲུབ་དབང་ཆེན།

དོན་གྲུབ་དབང་ཆེན།

ཐག་བཅད་འདུག ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། དོན་གྲུབ་དབང་ཆེན་ལགས་སུ་མཆིན་ནད་ཕོག་ཡོད་པར་སྨན་བཅོས་བྱེད་དུ་བཅུག་མེད་པ་མ་ཟད། ཁྲིམས་ཐག་བཅད་པའི་གནས་ཚུལ་ད་ལྟའི་ཆར་ཁོང་གི་ནང་མི་གཅིག་ལ་འང་བརྡ་ལན་སྤྲད་མེད་པ་རེད།
སིད་སིར་ཡོད་པའི་ཁོང་གི་སྤུན་ཉེ་འཇམ་དབྱངས་ཚུལ་ཁྲིམས་ལགས་ཀྱིས།“རྒྱ་ནག་གཞུང་གིས་མི་མང་དཀྱུས་མའི་བསམ་ཚུལ་བཏོན་པ་ཙམ་གྱིས་ལོ་དྲུག་གི་ཁྲིམས་ཐག་བཅད་པ་ནི་བོད་མི་མང་ལ་རང་དབང་གང་ཡང་མེད་པའི་རྟགས་མཚན་གསལ་བོ་རེད། དོན་གྲུབ་དབང་ཆེན་འཛིན་བཟུང་བྱས་པ་དང༌།ཁྲིམས་བཤེར་བྱས་པ་སོགས་ཀྱི་ཡིག་ཆ་གཅིག་ཀྱང་ནང་མིར་མཁོ་སྤྲོད་བྱས་མེད་པ་དང༌།ནང་མིས་བཙལ་བའི་ཁྲིམས་རྩོད་པའང་དང་ལེན་མ་བྱས་པར་གསང་བའི་ངང་ལོ་དྲུག་གི་ཁྲིམས་བཅད་པ་ནི་དྲང་བདེན་མིན་པས་བློ་ཕམ་ཆེན་པོ་བྱུང་ཟེར། དོན་གྲུབ་དབང་ཆེན་ནི་ཨ་མདོ་བ་ཡན་ནས་ཡིན་ཞིང་ལོ་༣༥་ སོན་ཡོད་པ་དང༌།ཁོང་གི་བཟའ་ཟླ་དང་ཕྲུ་གུ་བཞི་ཚང་མ་དེང་སྐབས་རྒྱ་གར་རྡ་རམ་ས་ལར་གནས་སྡོད་བྱས་ཡོད་པ་རེད།

དོན་གྲུབ་དབང་ཆེན་གྱིས་བཟོས་པའི་འཇིགས་བྲལ་ཞེས་པའི་གློག་བརྙན་དེའི་ནང་ཨ་མདོ་ས་ཁུལ་གྱི་བོད་མི་ཁག་ཅིག་གིས་བསམ་ཚུལ་བཤད་ཡོད་པ།

 

གསན་རོགས།


བསམ་ཚུལ་འབྲི་རོགས།