ཁ་བ་ཁྲོད་ཀྱི་ཝ་ཤིན་ཏུང༌།

འབྲི་མཁན། དཔལ་ལྡན་རྒྱལ། on February 9th, 2010

ཚེས་༥ཉིན་གྱི་དགོང་མོ་ནས་ཚེས་༦་ཉིན་གང་བོར་ཨ་རིའི་རྒྱལ་ས་ཝ་ཤིན་ཏུང་ལ་ཁ་བ་ཆེན་པོ་བབས། གྲོང་ཁྱེར་ནང་དུ་ཨིན་ཀྲི་ཉེར་བཞི་བབས་སོང༌། གྲོང་ཁྱེར་འདིའི་ནང་ཁ་བ་འབབ་ཚད་ཀྱི་ཟིན་ཐོ་གཏོར་མེད་ཀྱང༌། ལོ་རྒྱུས་ནང་གི་ཁ་བ་འབབ་ཚད་ཆེ་ཤོས་ཞིག་རེད།  དབུས་གཞུང་གི་ལས་ཁུངས་ཚང་མ་རེས་གཟའ་ཟླ་བ་ནས་ལྷག་པ་བར་ཛ་དྲག་གི་གུང་གསེང་བཏང་བྱུང༌། གཟའ་ཕུར་བུའི་ཉིན་ཀྱང་ལས་ཁུངས་སུ་འགྲོ་ཐུབ་མིན་ཐེ་ཚོམ་གྱི་གནས་སུ་འདུག ང་ཁ་བ་ལ་དུངས་བས།ཚེས་༧་ཉིན་པར་ཆས་ལག་ཏུ་བཟུང་ནས་ཝ་ཤིན་ཏུང་གྲོང་ཁྱེར་ནང་བསྐོར་བ་ཐེངས་གཅིག་བརྒྱབ་པ་ཡིན། ངོ་མ་འགྲོ་བསྐྱོད་ལས་སླ་བོ་མི་འདུག   རླངས་འཁོར་ཁ་ཤས་ལམ་དཀྱིལ་དུ་འགག་འདུག ང་རང་བོད་དུ་ཡོད་སྐབས་ཀྱང་ཁ་བ་འདི་འདྲའི་མཐུག་པོ་མཐོང་མ་མྱོང༌། ངའི་རླངས་འཁོར་ཀྱང་ལམ་དཀྱིལ་དུ་འགག་སྐབས། མི་སེམས་བཟང་ཁ་ཤས་མཉམ་རུབ་ཀྱིས་རོགས་རམ་འོག་ནས་ཐར་བྱུང༌།ངས་ཉེན་ཁར་མ་འཛེམས་པར་ཁ་བ་མཐུག་པོའི་ཁྲོད་གྲོང་ཁྱེར་འདིའི་ནང་བསྐོར་བསྐྱོད་བྱེད་དོན་ནི། ཁ་བའི་མེ་ཏོག་གིས་རྒྱན་པའི་གྲོང་ཁྱེར་འདིའི་རྣམ་པ་པར་རྒྱག་ཆེད་ཡིན། དེ་བས་པར་ཁག་ཅིག་ཟིན་བྲིས་ཀློག་མཁན་རྣམ་པའི་སྤྱན་ལམ་དུ་འབུལ་ཡོད།

img_2225

 

img_2170

 

img_2055

img_2195

img_2165

img_2228

img_2137

img_2165

img_2116

img_2243



5 Comments so far ↓

  1. བསྟན་འཛིན། says:

    ཁ་བའི་ཁྲོད་ཀྱི་་

  2. མགོན་པོ་ཕྱག་གཉིས་པ། says:

    ཁེ་ན་ཌ་ཡི་གངས་ཆེན་དག།
    ཨ་རི་དང་ནི་ཡོ་རོབ་ཀྱིས།།
    བགོ་བཤའ་རྒྱབ་ནས་ཁྱེར་བ་འདྲ།།
    ང་ཡི་གངས་ཕྱགས་འཕྲུལ་འཁོར་དེ།།
    བེད་མེད་དོས་ཁང་ནང་དུ་ལུས།།
    ཁྱོད་ལ་དགོས་ན་ལེན་གི་ཤོག།
    ཨ་སྒོར་གཅིག་སྟོང་ལྔ་བརྒྱ་ཡིན།།
    གྲོགས་པོ་ཡིན་ཕྱིར་གཏམ་རྒྱུ་ཡོད།།
    ཅུང་ཟད་མར་ལ་གཅོག་གི་ཡིན།།
    མང་པོ་མང་པོ་བཤད་རྒྱུ་མེད།།
    མོ་ཊ་སྐོར་ནས་ལེན་གི་ཤོག།
    ཝུ་ཆང་སྒམ་གཅིག་རིན་མེད་སྟེར།།
    གསོལ་ཚིགས་གཅིག་གི་གནང་སྦྱིན་བྱེད།།
    ཨ་ཡེས་ཞ་ཡེས་ཁྲིད་ལ་ཤོག།
    རྩེད་ས་ཉལ་ས་གཉིས་ཀ་ཡོད།།
    བཟི་ན་ཆང་སྐྱོན་ཡོད་ན་ཐང་།།
    སྐྱུར་འགོང་མང་པོ་བཤད་ན་ཐང་།
    དཔེ་ཆ་འགའ་རེ་བཀླག་རྒྱུ་ཡོད།།
    པར་དེབ་འགའ་རེ་སྟོན་རྒྱུ་ཡོད།།
    དུས་ཚོད་ཡོད་ན་ཉུག་གི་ཤོག།

  3. ཨ་རོ་བློས་ཐུབ་མགོན་ཕྱག་གྲོགས།། མ་མཇལ་ལོ་ངོ་བཅུ་གསུམ་ལྷག། མཇལ་ནས་ཝུ་ཆང་འཐུང་ཞོར་དུ།། འཛམ་གླིང་དོན་ཆེན་གླེང་ན་འདོད༎

    ཨ་རོ་བློས་ཐུབ་མགོན་ཕྱག་གྲོགས།། ང་ལ་ཡོད་པའི་ཕྱག་གཉིས་དེས།་ གནམ་མཁའི་ཐོགས་ཀྱང་སྤར་འཛིན་བྱེད།། ཁ་བའི་མེ་ཏོག་དཀར་པོ་དེ༎
    ཕྱགས་པར་མི་འདོད་སྙིང་དབུས་སུ༎ ཕ་ཡུལ་དྲན་པའི་བདུད་རྩི་འཁྱིལ༎

  4. མགོན་པོ་ཕྱག་གཉིས་པ། says:

    ལོ་གསར་པའི་ནང་ཁྱིམ་མི་ཚང་མ་སྐུ་བདེ། ནད་མེད། བསམ་དོན་འགྲུབ།

  5. ཐུགས་རྗེ་ཆེ། ཁྱེད་ནང་མི་ནང་ཚང་མ་ལོ་གསར་བའི་ནང་སྐུ་བདེ། ཁམས་བཟང༌། ཐུགས་རྒྱས་པའི་ངང་བསམ་དོན་ཡིད་བཞིན་དུ་འགྲུབ་པར་སྨོན།

བསམ་ཚུལ་འབྲི་རོགས།





*