རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན།

འབྲི་མཁན། དཔལ་ལྡན་རྒྱལ། on August 21st, 2010
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་པ་དེ།  ཁེ་ན་ཌའི་ཝེན་ཁུ་ཝར་གྲོང་ཁྱེར་ནང་ཡོད་པའི་ British Columbiaསྦུ་རེ་ཐའེ་ཞི། ཀོ་ལམ་སྦི་ཡ། སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་ཞིབ་འཇུག་སྡེ་ཚན་གྱིས་སྒྲིག་འོག ཟླ་བརྒྱད་པའི་ཚེས་༡༥ནས་༢༡བར་སློབ་གྲྭ་ཆེན་མོ་དེའི་ནང་འཚོགས་ཡོད་པ་རེད། ང་རང་ས་གནས་དེ་ལ་ཆེད་དུ་བཅར་ནས་ཉིན་གཉིས་རིང་གནས་ཚུལ་མཁོ་སྒྲུག་བྱས་པ་ཡིན། ཚོགས་ཆེན་དུ་བོད་དང་།  རྒྱ་ནག་ནས་ཕེབས་པའི་མི་བཞི་བཅུ་ལྷག་ཐེ་བའི་འཛམ་གླིང་གི་རྒྱལ་ཁབ་༢༡་ནས་བོད་རིག་པར་ཞིབ་འཇུག་གནང་མཁན་མི་གྲངས་བཞི་བརྒྱ་ལྷག་འཛོམས་བྱུང་།   ཞིབ་འཇུག་པ་ཚོ་ཚོགས་ཆུང་ཁག་བགོས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་རང་ཉིད་ཀྱིས་ཞིབ་འཇུག་བྱས་པའི་ཆེད་རྩོམ་སྒྲོག་སྦྱངས་དང་།  བགྲོ་གླེང་གནང་ཡོད་པ་རེད། ད་ཐེངས་ཀྱི་ཚོགས་འདུ་འདི་ལ་བོད་ནས་ཕེབས་མཁན་མི་ཁག་ཅིག་ལ་རྒྱ་ནག་གཞུང་གིས་ཕྱི་སྐྱོད་ལག་འཁྱེར་མ་སྤྲད་པའི་དབང་གིས་ཚོགས་འདུར་བཅར་ཐུབ་མི་འདུག
རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་ཐོག་ཚོགས་གཙོ Charles Ramble

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་ཐོག་ཚོགས་གཙོ Charles Ramble

ད་ཐེངས་ཀྱི་ཚོགས་འདུའི་སྐོར་ལ་ Oxford སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་།   རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ལས་ཐོག་ཚོགས་གཙོ Charles Ramble བཅར་འདྲི་ཞུས་བར་ཉན་རོགས།charles-ramble
 ཡང་ད་ཐེངས་ཀྱི་ཚོགས་འདུའི་སྐོར་ལ། ཚོགས་འདུ་གོ་སྒྲིག་གནང་མཁན་British Columbia སྦུ་རེ་ཐའེ་ཞི། ཀོ་ལམ་སྦི་ཡ་སློབ་གྲྭ་ཆེན་མོའི་ཨེ་ཤེ་ཡའི་ཞིབ་འཇུག་སྡེ་ཚན་གྱི་དགེ་རྒན་ཆེན་མོ་ཚེ་རིང་ཤཀྱ་ལགས་སུ་བཅར་འདྲི་ཞུས་བའི་བརྙན་འཕྲིན་ལ་གཟིགས་རོགས

 

མཁར་རྨེའུ་བསམ་བསྟན་རྒྱལ་མཚན།

མཁར་རྨེའུ་བསམ་བསྟན་རྒྱལ་མཚན།

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་གྱི་ངོ་བོ་དང་། མ་འོངས་པའི་མདུན་ལམ་སོགས་ཀྱི་ ཐད། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ལྷན་ཚོགས་ཀྱི་ཚོགས་གཙོ་ཟུར་བ།   མཁས་དབང་མཁར་རྨེའུ་བསམ་བསྟན་རྒྱལ་མཚན་ལགས་སུ་བཅར་འདྲི་ཞུས་བར་ཉན་རོགས།མཁར་རྨེའུ་བསམ་བསྟན་རྒྱལ་མཚན་ལགས་

 

 ཡང་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་སྐོར་ལ། ཨིན་རྡི་ཡ་ན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། Elliot Sperling ལགས་སུ་བཅར་འདྲི་ཞུས་བར་ཉན་རོགས།elliot-sperling

ཨིན་རྡི་ཡ་ན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། Elliot Sperling

ཨིན་རྡི་ཡ་ན་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ། Elliot Sperling

རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་པའི་ཚོགས་ཆེན་འདི་ནི།    ཕྱི་ལོ་༡༩༧༧ལོར་སིད་སིའི་བཟེ་རིག་གྲོང་ཁྱེར་ནང་གཞོན་སྐྱེས་ཁག་ཅིག་འཛོམས་ནས་བོད་རིག་པའི་ཞིབ་འཇུག་སྐོར་ལ་བགྲོ་གླེང་ཐོག་མ་གནང་བ་དང་། ༡༩༧༩ Oxford སློབ་གྲྭ་ཆེན་མོའི་ནང་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་རྒྱས་བ་ཞིག་འཚོགས་སྐབས་གཞུང་འབྲེལ་གྱིས། ༡༩༧༧ལོར་སིད་སིའི་བཟེ་རིག་གྲོང་ཁྱེར་ནང་འཛོམས་པ་དེ། ཚོགས་ཆེན་དང་པོར་ངོས་འཛིན་བྱས་ཡོད་པ་རེད། དེ་ནས་བཟུང་ལོ་གསུམ་རེའི་ནང་འཛམ་གླིང་གི་རྒྱལ་ཁབ་འདྲ་ནང་། རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་རེར་འཚོགས་བཞིན ཡོད་པ་རེད།



9 Comments so far ↓

  1. དགོངས་དག་ཞུ།
    འདྲ་པར་གསུམ་པོ་གུས་པས་བེད་སྤྱོད་ཞིག་གཏོང་ཡོད་པས་དགོངས་ཁྲོལ་གནང་བར་ཞུ་ཞུ།
    རིན་སྤུངས་ཚུལ་བསྟན་ནས་

  2. རིན་སྤུངས་ཚུལ་བསྟན་ལགས།
    ཕྲན་གྱི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ། འདྲ་པར་གསུམ་པོ་བེད་སྤྱོད་གཏོང་རོགས།

  3. མཁྱེན་ཡངས་དཔལ་ལྡན་རྒྱལ་ལགས།
    བདག་ལ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་ཆེན་ཐེངས་བཅུ་གཉིས་་པའི་ཚོགས་རྭའི་པར་དང་ཚོགས་འདུར་ཞུགས་མཁན་སྤྱིའི་མཉམ་པར་ཞིག་ཅིས་ཀྱང་མཁོ་གལ་ཆེ་སྟབས་སྐུ་ཉིད་ནས་རྒྱབ་སྐྱོར་ཡོད་པའི་རེ་འདུན་ཞུ་ཞུ།

  4. སྐུ་ཞབས་དཔལ་ལྡན་རྒྱལ་ལགས།
    བཀའ་དྲིན་ཐུགས་རྗེ་ཆེར་ཞུ།
    ད་དུང་སྐུ་ཉིད་ནས་ཚོགས་འདུ་དང་འབྲེལ་བའི་འདྲ་པར་རེ་མཆིས་ཚེར་གུས་པ་ལ་གཅིག་བསྐུར་རོགས་གནང་བར་ཞུ་ཞུ།
    གུས་རིན་སྤུངས་ཚུལ་བསྟན་ནས་
    གློག་རྡུལ་ཡིག་སྒམ།tanzen2010@yahoo.com.cn

  5. ཁྲི་བསོད་བསྟན་ལགས་སུ།
    ཁྱེད་ཀྱི་གནས་ཚུལ་མདོར་བསྡུས་ཞིག་དང་། པར་གང་ལ་བེད་སྤྱོད་གཏོང་རྒྱུ་ཡིནཔའི་་གནས་ཚུལ་ཐུང་ཙམ་ཤོད་དང་། ངས་ཁྱེད་ལ་པར་ཁ་ཤས་བཏང་ཆོག གློག་འཕྲིན་ཁ་བྱང་སྤྲོད་རོགས་།

  6. རིན་སྤུངས་ཚུལ་བསྟན་ལགས།
    ཁྱེད་གང་དུ་གནས་སྡོད་བྱས་ཡོད་དམ།
    པར་རྣམས་གང་ལ་བེད་སྤྱོད་གཏོང་རྒྱུ་ཡིནཔའི་་གནས་ཚུལ་ཐུང་ཙམ་གསུང་རོགས། ངས་ཁྱེད་ལ་པར་ཁ་ཤས་བཏང་ཆོག

  7. དཔལ་ལྡན་རྒྱལ་ལགས་ལ་ཞུ་དོན།
    རིན་སྤུངས་དང་ངེད་གཉིས་ཀྱི་རེ་འདོད་གཅིག་ཡིན་ས་རེད། ངེད་གཉིས་ཀྱིས་དུས་དེབ་དང་དྲ་ངོས་གང་རུང་དུ་ཚོགས་འདུ་ངོ་སྤྲོད་བརྒྱུད་པར་ཁ་ཤས་བཀོད་འདོད་རྑྱེན་དེ་ལྟར་ཞུས་པ་ཡིན།
    དྲ་གནས། http://www.himalayabon.com
    གློག་འཕྲིན་ཁ་བྱང་། teseganzhu@yahoo.com.cn

  8. སྐུ་ཞབས་དཔལ་ལྡན་རྒྱལ་ལགས།
    གུས་པ་ནི་བོད་མདོ་སྨད་ཤར་དུང་རིའི་ཉེ་འདབ་ཟིང་ཆུ་རྫོང་ནས་ཡོད་ལགས།
    གུས་པས་པར་རྣམས་གཙོ་བོ་ཧི་མ་ལ་ཡའི་བོན་དྲ་ཚིགས་སུ་འགོད་རྒྱུ་དང་གཞན་གཡུང་དྲུང་བོན་དང་འབྲེལ་བའི་དཔྱད་གླེང་ལོ་དེབ་མུ་ཁྲི་བཙན་པོ་སོགས་ལ་བཀོད་འདོད་ཆེ་བས་སྐུ་ཉིད་ནས་བསྐུར་གནང་ཡོང་བར་སྙིང་ནས་ཞུ་ཞུ།
    བཀའ་དྲིན་ཆེ།
    རིན་སྤུངས་ཚུལ་བསྟན་ནས་

  9. རིན་སྤུངས་ཚུལ་བསྟནདང་། ཁྲི་བསོད་བསྟན་གཉིས་ལ་གློག་འཕྲིན་བརྒྱུད་ནས་པར་ཁ་ཤས་བསྐུར་ཡོད།

བསམ་ཚུལ་འབྲི་རོགས།





*