བློ་བཟང་རམས་པ།

འབྲི་མཁན། དཔལ་ལྡན་རྒྱལ། on June 7th, 2011
བློ་བཟང་རམས་པ།

བློ་བཟང་རམས་པ།

ཚེས་༥སྟེ། རེས་གཟའ་ཉི་མའི་ཉིན་ཝ་ཤིན་ཏུང་གྲོང་ཁྱེར་སྲང་ལམ་ ༡༨ སྟེང་། ལོ་ན་གཉིས་དང་ཕྱེད་ཀར་སོན་པའི་བུ་ཆུང་ཉི་ཟླ་དང་། ངེད་གཉིས་དཔེ་དེབ་རྙིང་བ་བཙོང་སའི་ཚོང་ཁང་ཞིག་ཏུ་སོང་བ་ན།  ༼ལྷ་ས་ནས་ཕེབས་པའི་སྨན་པ།༽  བློ་བཟང་རམས་པས་བརྩམས་ཞེས་པའི་དེབ་རྙིང་ཞིག་མཐོང་།  དེབ་འདིས་ངའི་ཡིད་ཀྱི་དྲན་པ་ལོ་བཅུ་བཞི་ཡར་སྔོན་དུ་ཕྱིར་འཁྲིད་བྱས་སོང༌། དེ་ནི་༡༩༩༤་ལོའི་དབྱར་ཁའི་ཉིན་ཞིག་ལོན་དོན་གྲོང་ཁྱེར་ནང་དུ་དགོང་དྲོ་གསོལ་ཚིགས་ཞིག་གི་སྐབས་སུ།   ལོ་ན་བཞི་བཅུ་ཡས་མས་ལ་སོན་པའི་དབྱིན་ཇུའི་བུད་མེད་ཞིག་གིས།  “ངས་བློ་བཟང་རམས་པས་བརྩམས་པའི་སྦྱན་མིག་གསུམ་པ་དང༌། ལྷ་ས་ནས་ཕེབས་པའི་སྨན་པ་ཅེས་པའི་བོད་སྐོར་གྱི་དེབ་གཉིས་བཀླགས་མྱོང་།  བོད་ནི་མཛེས་སྡུག་ཡིད་ཏུ་འོང་བའི་གནས་ཞིག་རེད། ཡིན་ནའང་བོད་མི་ཞིག་ལ་མཇལ་བ་ཐོག་དང་པོ་ཡིན་པས་ཧ་ཅང་དགའ་བོ་བྱུང་།”  ཟེར། 

dr1  དེ་ནི་ངའི་བློ་བཟང་རམས་པ་ཞེས་པའི་མིང་འདི་གོ་བ་ཐོག་མ་ཡིན།  དེ་ནས་ངས་བློ་བཟང་རམས་པའི་སྐོར་ལ་ཉམས་འཇོག་བྱས་པ་ཡིན། ཁོང་ནི་དབྱིན་ཇུ་བ་ཞིག་ཡིན་པ་ལས་བོད་པ་མ་རེད། ཁོང་གི་དབྱིན་ཇུའི་མིང་ལ་Cyril Henry Hoskin (8 April 1910 – 25 January 1981)ཟེར་བ་དང་།   བོད་ལ་ཕེབས་མྱོང་མེད་ནའང་། བོད་པའི་གྲྭ་བ་ཞིག་ལ་བརྫུས་ནས་བོད་ནང་གི་གནས་སྟངས་སྐོར་གྱི་དེབ་ཁ་ཤས་བརྩམས་འདུག དེབ་དེ་དག་གིས་སྤྱི་ལོ་༥༠་དང་༦༠་ནང་འཛམ་གླིང་དང་ཁེར་ཆད་དུ་གནས་པའི་བོད་གྱི་རྣམ་པ།    གསང་བ་ལྐོག་གྱུར་ལྟ་བུའི་འཛམ་གླིང་མི་མང་དཀྱུས་མ་ཚོར་ངོ་སྤྲོད་བྱས་འདུག
དེ་རིང་དཔེ་དེབ་རྙིང་བ་བཙོང་ས་དེ་རུ  ༼ལྷ་ས་ནས་ཕེབས་པའི་སྨན་པ།༽  བློ་བཟང་རམས་པས་བརྩམས་ཞེས་པའི་དེབ་དེ་ངས་བསམ་བློ་ཅི་ཡང་གཏོང་མ་དགོས་བར་རང་བཞིན་གྱིས་ཉོས་ཡོང་བ་ཡིན།



4 Comments so far ↓

  1. ཚ་ཕྲུག་རྒྱལ། says:

    བློ་བཟང་མིང་ཅན་གྱི་དེབ་དེའི་བརྗོད་གཞི་གལ་གནད་ཆེ་རིགས་ཁག་དྲ་ཐོག་གསུང་ན་དགའ་བསུ་ཡོད།

  2. དཔལྡན་རྒྱལ་ལགས། སྐུ་གཟུགས་བདེ་མོ་ཡིན་པ་གཞིར་བཅས། ཉིད་ཀྱི་ཟིན་བྲིས་ནང་ཡོང་བ་ཐོག་དང་པོ་ཡིན། བློ་བཟང་རམས་པ་ཟེར་བའི་རྩོམ་པ་བོ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ། བློ་བཟང་རམས་པ་ཟེར་བ་འདི་བོད་ནང་དུ་མ་སོང་བར་བོད་ཀྱི་གནས་སྟངས་འཛམ་གླིང་ལ་ངོ་སྤྲོད་དེ་འདྲ་ག་འདྲ་བྱས་ནས་ཞུས་པ་ཡིན་ནམ། ཁོ་རང་གི་དམིགས་ཡུལ་ག་འདྲ་ཞིག་ཡིན་ནམ། ཁྱེད་ཀྱིས་དེབ་དེ་བཀླགས་རྗེས་དེའི་ཕྱོགས་ཀྱི་བསམ་ཚུལ་དང་བརྗོད་གཞི་གནད་བསྡུས་ཤིག་ངོ་སྤྲོད་བྱ་བར་འབོད་སྐུལ་ཞུ་བཞིན་ཡོད། ང་དུར་ཁྲོད་ཀྱིས།

  3. ཚ་ཕྲུག་རྒྱལ་ལགས། འདིར་ཕེབས་པར་དགའ་བསུ་ཞུ།

  4. ང་དུར་ཁྲོད་ཀྱིས།
    འདིར་ཕེབས་པར་དགའ་བསུ་ཞུ།

བསམ་ཚུལ་འབྲི་རོགས།





*