༧གོང་ས་མཆོག་གིས་ཁོང་ཡང་སྤྲུལ་སྐོར་ལ་་གནང་བའི་གསུང་བཤད་དང་། གསུང་འཕྲིན།

འབྲི་མཁན། དཔལ་ལྡན་རྒྱལ། on September 30th, 2011

ཡང་ཟླ་བ་འདིའི་ཚེས༢༢་ནས་༢༤བར།  ཉིན་གསུམ་རིང་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི། ཆོས་ཚོགས་ཐེངས་བཅུ་གཅིག་པའི་ཐོག  རྒྱ་བལ་འབྲུག་གསུམ་དུ་བཞུགས་པའི་རིས་མེད་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་དང་། ཆོས་ལུགས་སྤྱི་འཐུས་བཅས་ཁྱོན་མི་ ༥༠ ལྷག་འདུ་འཛོམས་བྱུང་ནས་ ཆོས་དོན་ལྷན་ཚོགས་དང་། དཔལ་རྒྱལ་བ་ཇོ་ནང་པ་སོགས་ཀྱི་སྐོར་ལ་བགྲོ་གླེང་གནང་ནས་མཇུག་སྡོམ་་གྲོས་ཆོད་བཞག་ཡོད་པ་ནི། བཙུན་མའི་རྒྱུགས་སྤྲོད་དང་། མཚན་གནས་ཁུངས་སོ་སོས་ཐག་གཅོད་བྱ་རྒྱུ་དང་། ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་གཞི་བསྐྱར་བཅོས་ཡོང་ཐབས་བྱ་རྒྱུ། ཇོ་ནང་པ་ནི་ལྟ་གྲུབ་དང་ཆོས་བརྒྱུད་གང་ཐད་ནས་རང་རྐང་ཚུགས་ཐུབ་པ་ཞིག་ཡིན་པར་ངོས་འཛིན་བྱས་པ་བཅས་ཀྱི་ཐག་གཅོད་བྱས་འདུག

img_9279

ཉེ་ལམ་རྡ་རམ་ས་ལར་འཚོགས་པའི་ཆོས་ལུཊ་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག  གོང་ས་རྒྱལ་བ་རིན་པོ་ཆེ་ཡིས་། སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས།  སུ་ཞིག་གིས་ཁོང་གི་ཡང་སྤྲུལ་འདེམས་སྒྲུག་བྱས་པ་ཡིན་ན། དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་། དད་མོས་བྱེད་མི་དགོས། ཞེས་ཡོང་ཁྱབ་ཀྱི་བཀའ་ཡིག་ཞིག་བསྩལ་འདུག  གོང་ས་མཆོག་གིས་བཀའ་ཡིག་དེའི་ནང༌།  ཡང་སྲིད་གྱི་བྱུང་རབས་དང་། དགོས་མཁོ་སོགས་ངོ་སྤྲོད་གསལ་བཤད་གནང་བ་འབྲེལ། ༧སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ། དེའི་བྱེད་སྒོའི་འགན་ཁུར་གཙོ་བོ། ཏཱ་ལའི་བླ་མའི་བླ་བྲང་། དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་། དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་ཞེས་དང་།   ཡང་གསུང་འཕྲིན་ནང་། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་གེ་འཇོག་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་། ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས། གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་། ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་། དེ་ལ་སུས་ཀྱང་རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་། དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས་ཅེས་བཀོད་འདུག ཡིན་ནའང། རྒྱ་ནག་གི་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་ཧོང་ལིས་ཡིས་། བླ་སྤྲུལ་གྱི་ཡང་སྲིད་ངོས་འཛིན་ཞུ་རྒྱུའི་བརྒྱུད་རིམ་དེ་ནི། རྒྱལ་ཁབ་ཀྱི་ཁྲིམས་ལུཌ་དང་། སྒྲིག་སྲོལ་གཏན་འབེབས་བྱས་པ་གཞིར་བཟུང་བྱེད་དགོས་པ་དང་། ཏ་ལའི་བླ་མའི་མཚན་གནས་དེ་རྒྱ་ནག་དབུས་གཞུང་གིས་ཕུལ་དགོས་གི་ཡོད་ལུགས་པེ་ཅིང་དུ། རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོཌ་ཐོག་བརྗོད་འདུག   བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་།  གཡུང་དྲུང་བོན་གྱི་བླ་ཆེན་རྣམས་ལྷན་འཛོགས་ཀྱི་ཆོས་ལུཊ་ཚོགས་ཆེན་ཐེངས་བཅུ་གཅིག་པའི་ཐོག  གོང་ས་རྒྱལ་བ་རིན་པོ་ཆེ་ཡིས་། ཁོང་གི་ཡང་སྲིད་ངོས་འཛིན་གནང་ཕྱོགས་སྐོར་ལ་བཀའ་སློབ་དང་།   ཡོངས་ཁྱབ་གསུང་འཕྲིན་ཞིག་བསྩལ་ཡོད་པའི་གནས་ཚུལ་ ༼རང་དབང་གི་གླེང་སྟེགས་༽ ཞེས་པའི་ལེ་ཚན་ནང་རྒྱང་སྲིང་བྱས་པར་ཡོད་ཉན་འདོད་ན་སྦྲེལ་ཐག་འདིར་མཐུད་རོགས་ཞུ



1 Comments so far ↓

  1. གོས་མཆོག་སྐུ་ཚེ་རྟག་བརྟན་ཡོང་བར་ཤོག

བསམ་ཚུལ་འབྲི་རོགས།





*