སེམས་ཚོར།

འབྲི་མཁན། དཔལ་ལྡན་རྒྱལ། on May 21st, 2013

གནམ་མཁའི་སྐར་མ་ལ་ལྟ་རྒྱུ་ནི་ང་རང་ཆེས་དགའ་ཤོས་དང་། སེམས་ལྷོད་ལ་འབབ་པའི་དུས་ཡིན། ང་རང་ཆུང་དུས། གནམ་གྱི་སྐར་མ་བལྟས་ནས་དྲན་རིག་རྒོད་པའི་རྟོག་འཆར་གྱིས་སྐར་མ་ལ་བཞོན་ནས་ངའི་མིག་ཆེན་པོ་དེ། སྐར་མ་བཞིན་ཅེར་ནས་འཇིག་རྟེན་མི་ཡུལ་ལ་བལྟས་མྱོང་། དེ་རིང་དགོང་མོ་ངས་གནམ་གྱི་སྐར་མ་ལ་བལྟས་ནས་བྱིས་དུས་ཀྱི་དྲན་སྣང་ཕྱིར་དྲན་བྱེད་སྐབས། སྐར་མདའ་ཞིག་ཤར་ཕྱོགས་ཀྱི་གནམ་མཁའ་ནས་ནུབ་ཕྱོགས་ཀྱི་ས་ལ་ཟེགས་སོང་། དེ་དང་མཉམ་དུ་ང་དང་ཆེས་སེམས་ཐག་ཉེ་བའི་རླབས་ཆེན་གྱི་གང་ཟག་ཅིག་འཇིན་རྟེན་མི་ཡུལ་དང་བྲལ་སོང་། ཁོང་ནི་ངའི་ཕ་རྒན་ཡིན། ཁོང་ནི་དུས་གཏན་དུ་ངའི་སེམས་སུ་འཕྲོ་བཞིན་པའི་སྐར་མ་འོད་ཆེན་དེ་ཡིན།



བསམ་ཚུལ་འབྲི་རོགས།





*