འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས་

འབྲི་མཁན། དཔལ་ལྡན་རྒྱལ། on August 17th, 2014

དེ་རིང་ཚེས་༡༦ ཉིན། འཇུ་ཆེན་ཐུབ་བསྟན་གྱི་སྐུ་ཚེའི་ལོ་རྒྱུས་དཀར་ཆག་ཐེ་བའི་དེབ་ ༢༢ ལག་འབྱོར་བྱུང་།

image

དེབ་འདི་དག་ཚང་མ་འགོ་ནས་མཇུག་བར་རེ་རེ་བཞིན་མུ་མཐུད་དུ་ཀློག་རྒྱུ་དཀའ་ན་འང་།   སྐབས་དོན་དང་དགོས་མཁོ་ལ་གཞིགས་ནས་ལྟ་ཀློག་ཐེངས་མང་བྱེད་ངེས་ཡིན་པ་གོར་མ་ཆག   དེབ་འདི་དག་ནང་བཀོད་པའི་ནང་དོན་ཚང་མ་བདེན་པ་ཡིན་པའི་ངེས་བ་མེད་ནའང་། བཙན་བྱོལ་བོད་གཞུང་གི་གནས་བབ་དང་།  ལོ་རྒྱུས་ལ་ཞིབ་འཇུག་གི་རྒྱུ་ཆ་གལ་ཆེན་ཞིག་ཡིན།  འཇུ་ཆེན་ཐུབ་བསྟན་ལགས་ཀྱིས་ལོ་༡༥ རིང་།  བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་བ་དང་།  བཀའ་བློན་གནང་། དེ་བཞིན་སྤྱི་འཐུས་ཚོགས་གཙོ་དང་།  ལོ་རབས་བརྒྱད་ཅུའི་ནང་བོད་རྒྱའི་འབྲེལ་ལམ་སྐུ་ཚབ་ཀྱི་གཙོ་འགན་བཞེས་པ།  བཙན་བྱོལ་བོད་མིའི་བཅའ་ཁྲིམས་དང་། མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཚོགས་ཆུང་གི་ཚོགས་གཙོ་སོགས་ཀྱི་ཕྱག་ལས་གནང་ཡོད།



བསམ་ཚུལ་འབྲི་རོགས།





*