ཝེ་ཐི་ནམ་གྱི་ནང་བའི་དགོན་པ།

འབྲི་མཁན། དཔལ་ལྡན་རྒྱལ། on March 29th, 2015

 

image
དེ་རིང་རེས་གཟའ་ཉི་མའི་ཉིན།  (༢༠༡༥ ལོའི་སྤྱི་ཟླ་༣པའི་ཚེས༢༩) ཨ་རིའི་རྒྱལ་ས་ཝ་ཞིན་ཀྲོན་དུ་ཡོད་པའི་ཝེ་ཐི་ནམ་གྱི་ནང་བའི་དགོན་པ་ཞིག་ལ་སླེབས་སོང་། དགོན་པ་འདི་ནི་རྒྱལ་ས་ཝ་ཞིན་ཀྲོན་གྱི་ནུབ་བྱང་ཁུལ་གྱི་སྲང་ལམ་བཅུ་དྲུག་པའི་སྟེང་གནས་ཡོད་པ་དང་སྒོ་བྱང་༥༤༠༡ རེད།  དགོན་པ་འདི་ཝེ་ཐི་ནམ་གྱི་དམར་ཕྱོགས་དབང་བསྒྱུར་དྲག་གནོན་ལས་ཨ་རིའི་ནང་བཙན་བྱོལ་དུ་ཕེབས་པའི་གྲ་བ་གཉིས་ཀྱིས་༡༩༧༦ ལོར་གསར་བཞེངས་གནང་བ་དང་། དགོན་པའི་མིང་ལ་ Chùa Giác Hoàng ཟེར། དགོན་པ་འདི་རྒྱལ་སའི་མངའ་ཁུལ་དུ་ཡོད་པའི་ཝེ་ཐི་ནམ་མི་མང་གི་རིག་གཞུང་ལྟེ་གནས་ཁང་ལྟ་བུ་ཞིག་་ཀྱང་རེད།  ༢༠༡༠ ལོའི་ཨ་རིའི་མི་གྲངས་རྩིས་བཤེར་སྐབས་ཨ་རིའི་རྒྱལ་ཡོངས་སུ་ཝེ་ཐི་ནམ་གྱི་མི་གྲངས ༡༥༤༨༤༤༩ ཡོད་པ་དང།  རྒྱལ་ས་ཝ་ཞིན་ཀྲོན་ཀྱི་མངའ་ཁུལ་དུ་ཝེ་ཐི་ནམ་གྱི་མི་གྲངས་ ༥༨༧༦༧ ཡོད་འདུག
image


བསམ་ཚུལ་འབྲི་རོགས།





*