མདོ་སྨད་བྱ་ཁྱུང་དགོན་པའི་ཟུར་ཞིག

འབྲི་མཁན། དཔལ་ལྡན་རྒྱལ། on May 19th, 2009
img_4303

མདོ་སྨད་བྱ་ཁྱུང་དགོན་པའི་ཟུར་ཞིག

 གཡང་གཟར་འདིའི་འདབས་སུ་རྨ་ཆུ་དལ་གྱིས་འབབ་བཞིན་འདུག བྱ་ཁྱུད་དགོན་ནི་རྗེ་དོན་གྲུབ་རིན་ཆེན་གྱིས་ཕྱག་བཏབ།གངས་ཅན་མཁས་པའི་གཙུག་རྒྱན་ཙོང་ཁ་བ་ཆེན་པོའི་རིག་པའི་བློ་སྒོ་འདི་ནས་ཕྱེས།



5 Comments so far ↓

  1. གཞོན་ནུ་ཟླ་མེད says:

    བྱ་ཁྱུང་དགོན་པ་འདི་ནི་མཆིམས་ཆེན་པོ་བློ་བཟང་གྲགས་པས་རང་གི་སློབ་བུ་ཆོས་རྗེ་དོན་འགྲུབ་རིན་ཆེན་ལ་ལུང་བསྟན་ནས་ཕྱག་བཏབ་པའི་དགོན་སྙིང་གྲགས་པ་ཅན་ཞིག་ཡིན། དེ་ཡང་ཐོག་མར་རྗེ་བློ་བཟང་གྲགས་པ་དུས་སྐབས་དེར་འཁྲུངས་རྒྱུ་ཡིན་པའི་ལུང་བསྟན་ནི་ཡོད། མཆིམས་བློ་བཟང་གྲགས་པ་རང་གི་མིང་ཡང་ལུང་བསྟན་ནང་གི་དེ་དང་མཐུན་པར་རང་ཡིན་ནམ་སྙམ་པའི་དོགས་པ་འཁྲུངས་པ་རེད། འོན་ཀྱང་སྐུ་ཚེ་སྨད་ལ་སླེབས་ན་ཡང་འཕྲིན་ལས་རྒྱ་ཆེན་པོ་མ་བྱུང་བས་ཡང་བསྐྱར་ལྷག་པའི་ལྷ་ལ་གསོལ་བ་བཏབ་ནས་བརྟགས་པས་རང་ཉིད་མིན་པ་ཤེས། དེ་ནས་རང་གི་སློབ་བུ་ཆོས་རྗེ་དོན་འགྲུབ་རིན་ཆེན་ལ་མདོ་སྨད་བྱ་ཁྱུང་བྲག་ནས་དགོན་སྡེ་བཏབ་ནས་བསྟན་པ་རྒྱ་ཆེར་སྤེལ་དགོས་པ་དང་། རྗེ་བློ་བཟང་གྲགས་པ་རང་གི་སློབ་བུར་བསྡུས་ནས་ཁོང་གི་མཚན་དེ་ག་རང་བཏགས་ནས་དབུས་སུ་སློབ་གཉེར་ལ་གཏོང་དགོས་པའི་བཀའ་གནངས་ནས་མདོ་སྨད་དུ་བཏང་། ཁོང་རྣམ་པ་ས་སྐྱའི་ཆོས་བརྒྱུད་རེད། འདི་ནས་ས་སྐྱ་བས་དགེ་ལུགས་པ་གསར་དུ་གསོ་སྐྱོང་གནང་བའི་མགོ་ཚུགས་པ་རེད།
    བྱ་ཁྱུང་དགོན་པར་འདི་བྱིན་རླབས་མི་འདྲ་བ་ཁ་ཤས་ཡོད་པར་མདོ་སྨད་ཕྱོགས་ཀྱི་མི་རྣམས་ལ་ཡིད་ཆེས་ཡོད་པ་ནི། བྱིས་པའི་སྲིབ་ཡོད་ན་རྒྱུན་གཅོད་པའི་ཆེད་དུ་བྱ་ཁྱུང་རྡོ་རྗེ་ཕག་མོ་ལས་བྱིན་རླབས་ལེན། ཡང་བྱིས་པ་མི་སྐྱེས་པའི་ཨ་མ་དག་གིས་རྡོ་རྗེ་ཕག་མོ་ལས་མཚན་བླངས་ན་བྱིས་པ་སྐྱེ། ད་དུང་སྨན་དང་རིམས་གྲོ་གང་གི་མི་ཕན་པའི་ནད་པའི་རིགས་འདི་ནས་འགོ་བཙུགས་དེ་བྱང་གི་དགོན་ཆེན་བཞི་ལ་གནས་མཇལ་ལ་འགྲོ། བྱང་གི་དགོན་ཆེན་བཞི་ནི་བྱ་ཁྱུང་། དགོན་ལུང་། གསེར་ཁོག ཆུ་བཟང་བཅས་རེད། ཡང་ཁ་ཤས་ཀྱིས་ཟེར་ན་སྡེ་ཚ་དང་སྐུ་འབུམ་སོགས་བགྲང་མོད། གཞན་དག་གིས་གསུང་ན་བྱང་གི་དགོན་ཆེན་བཞི་ཟེར་བ། དེ་དག་གི་ས་བོན་ལྟ་དགོན་པ་ཆུང་ཆུང་སྔར་དགེ་ལུགས་པ་མ་དར་སྔ་རོལ་ནས་ཡོད་པས་རྙིང་བ་ཡིན་པའི་ཆ་ནས་བྱིན་རླབས་ཅན་དུ་དེའི་སྐབས་ཀྱི་མི་ཐོག་ནས་རྒྱུན་འཇགས་སུ་ད་ལྟ་བར་དུ་ཡོད་པ་རེད་ཟེར། དེ་བས་ནས་སྡེ་ཚ་དང་སྐུ་འབུམ་སོགས་དེ་འདྲའི་རྙིང་པ་མིན།
    ཆོས་རྗེ་དོན་འགྲུབ་རིན་ཆེན་གྱི་བྱ་ཁྱུང་དགོན་པ་ཕྱག་བཏབ་པའི་སྐོར་ནི་ཨ་ལསག་ཚེ་ཏན་ཞབས་དྲུང་ཚང་གི་བྱ་ཁྱུང་གདན་རབས་ལས་གསལ་བོར་འཁོད་ཡོད། དེ་མིན་ཁོང་གིས་བྱ་ཁྱུང་མ་རྙེད་པའི་མདོ་སྨད་ཕྱོགས་སུ་ག་ས་ག་བར་པེབས་པ་དང་། དགོན་བ་བཏབ་པ། དཀའ་ལས་མྱང་པ། རྪུན་འཕྲུལ་བསྟན་པ་སོགས་ལོ་རྒྱུས་ནང་དུ་མ་བཀོད་ན་ཡང་དམངས་ཁྲོད་ཀྱི་སྒྲུང་སྙན་པོ་མང་པོ་ཡོད། དེའི་སྐོར་ཀྱི་སྒྭང་མང་པོ་ང་ཚོའ་ཡུལ་ན་ཡོད་ལ་ཁོང་གི་འཁྲུངས་ཡུལ་རེབ་ཀོང་ན་ཡང་ཡོད་ས་རེད།
    གལ་ཏེ་ཁོམས་པ་ཡོད་ན་དེའི་སྐོར་གྱི་རྣམ་ཐར་མི་ཟེར་བར་སྒྲུང་ཟེར་ནས་ཅིག་འབྲི་འདོད་ཡོད་མོད། རེབ་ཀོང་ཕྱོགས་ནས་གང་དུ་ཕེབས་མིན་དང་དེའི་ཕྱོགས་ནས་དགོན་པ་གང་བཏབ་མིན་སོགས་གལས་མི་ཤེས།

  2. གཞོན་ནུ་ཟླ་མེད says:

    མཁྱེན་མཁན་ཡོད་ན་ཆོས་རྗེ་དོན་གྲུབ་རིན་ཆེན་རེབ་ཀོང་སྡེ་བ་ཚོ་བ་གང་ནས་ཡིན་པ་དང་། དབུས་ནས་ཕྱིར་ཕེབས་རྗེས་རེབ་ཀོང་ནས་དགོན་པ་གང་ཕྱག་བཏབ་གནང་ཡོད་མེད། ད་དུང་རྣམ་ཐར་ནང་དུ་མ་གསལ་བའི་དམངས་ཁྲོད་ངག་རྒྱུན་གྱི་སྒྲུང་རེ་གསུངས་རྒྱུའི་འབོད་སྐུལ་ཞུ་བཞིན་ཡོད།

  3. གཞོན་ནུ་ཟླ་མེད་ལགས།
    གནས་ཚུལ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ༢༠༠༦་ལོར་ང་རང་བྱང་གི་དགོན་ཆེན་བཞི་ལ་གནས་མཇལ་དུ་སོང་བ་ཡིན། དེ་དུས་ངའི་ཕ་མ་སྤུན་མཆེད་ཚོས་ང་ལ་བྱིས་པ་ཞིག་ཅིས་ཀྱང་དགོས་པའི་རེ་སྐུལ་བཞིན་ངས་ཀྱང་རྡོ་ཞིག་རྒྱབ་ཏུ་ཁུར་ནས་བྱ་ཁྱུང་རྡོ་རྗེ་ཕག་མོའི་ལྷ་ཁང་ལ་བསྐོར་བ་ཐེངས་གསུམ་བརྒྱབ་པ་ཡིན། བྱ་ཁྱུང་རྡོ་རྗེ་ཕག་མོས་གནང་པ་ཡིན་མིན་ཤེས། གང་ལྟར་༢༠༠༨་ལོར་ང་ལ་བུ་ཞིག་སྐྱེས་ཡོད། གཞན་ཞིག་ཁྱེད་ཀྱིས་གསུངས་པའི་ཆོས་རྗེ་དོན་འགྲུབ་རིན་ཆེན་དང་བྱ་ཁྱུང་དགོན་པའི་སྐོར་ང་ཚོའི་གྲོང་སྡེ་དང་འབྲེལ་བ་ཡོད་པའི་བཤད་རྒྱུན་ཞིག་ཡོད་འདིར་བཀོད།
    ང་སྐྱེས་སའི་གྲོང་སྡེའི་་མིང་ལ་ལྕང་སྐྱ་ཟེར་བ་དང༌། ལྕང་སྡོང་མང་པོ་ཡོད་པ་ཆ་ན་ལྕང་སྐྱ་ཟེར་བ་རེད་ཞེས་བཤད་སྲོལ་འདུག གྲོང་སྡེ་འདི་ནི་བོད་བྱང་ཤར་ཕྱོགས་ཀྱི་ཡུལ་མདོ་སྨད་ཁོངས་སུ་རེབ་གོང་ཤོག་ཁ་བཅུ་གཉིས་ཀྱི་་(རོང་བོ་སྡེ་བདུན། རྒྱལ་བོ་གླིང་ཚང༌། སྤྱི་ཁག་གསུམ། སྨད་པ་སྡེ་བདུན། ཁྲེ་ཙ་བཞི། ཆུ་མ་ཤོག་བཞི། སྲས་ལུང་བ་གསུམ། ཆུ་ཁོག་ཤོག་བཞི།ཧོར་ཚོ་དྲུག རོ་བོ་ཤ་བོ་ནར། བློན་ཆེན བསེ་ལུང་བ་གསུམ་བཅས་ཡིན།)་ བསེ་ལུང་བ་གསུམ་(ཀོའུ་སྡེ། ལྕང་ལུང༌། ལྕང་སྐྱ་གསུམ་ཚན་ཡིན་པར་བཤད།
    བོད་ཤར་ཕྱོགས་གྲོང་སྡེ་འདི་ནི་ཕྱོགས་བཞིའི་སྤངས་རིས་བསྐོར་བའི་ལུང་ཁུག་ཅིག་ཏུ་ཆགས་ཡོད། ཤར་ཕྱོགས་སུ་སེམས་ཅན་གྱི་བྲང་དང་འདྲ་བའི་རི་བོ་ཞིག་ཡོད་པ་དེའི་མིང་ལ་ཤ་བྲང་ཟེརདང༌ ནུབ་ཕྱོགས་སུ་རི་བོ་རྩེ་འབིགས་ཤིག་ཡོད་པ་དེའི་མིང་ལ་ཨ་མྱེས་རྨོག་རི་ཟེ ར་ཞིང་དེ་ནི་ཡུལ་མི་རྣམས་ཀྱི་ཡུལ་ལྷ་གཞི་བདག་ཏུ་བརྩིས་ནས་བསངས་སྲོལ་བྱེད་པ་དང༌། ལབ་རྩེ་གཏོད་པ་སོགས་མཆོད་པ་རྒྱས་པར་བྱེད། གྲོང་སྡེ་འི་མི་རྣམས་གྱི་ཁ་རྒྱུན་དུ། རྗེ་ཙོང་ཁ་བ་ཆེན་པོའི་དགེ་རྒན་རྗེ་བཙུན་དོན་གྲུབ་རིན་ཆེན་དབུས་ལྷ་ས་ནས་སློབ་གཉེར་མཐར་ཕྱིན་ཏེ་ཡུལ་མདོ་སྨད་ཕྱོགས་སུ་ཕེབས་ཁར་ཁོང་གི་དགེ་རྒན་གྱིས རྐྱམདོ་སྨད་ཡུལ་དུ་སྐྱེས་རི་རྒྱབ་རི་བྱས་ཏེ་དགོན་པ་ཞིག་བཏབ་ན་སེམས་ཅན་དང་བསྟན་པ་ལ་ཕན་པ་བླ་ན་མེད་པ་འབྱུང༌། གསུངས་པ་བཞིན། ཁོང་མདོ་སྨད་དུ་ཕེབས་པའི་ལམ་ཁར་གཏོར་བཤིག་ཏུ་གྱུར་གྲོང་སྡེ་ཞིག་གི་ལྷ་ཁང་ནང་ཡུལ་ལྷ་འདི་སྐུམ་བཙོག་ངང་བསྡད་ཡོད་པ་དང༌། ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཁོང་དང་དུ་མཉམ་ཁྲིད་ཡོང་ནས་ང་ཚོའི་གྲོང་སྡེ་འདིའི་ཡུལ་ལྷ་གཞི་བདག་ཏུ་བརྐོས་པའི་བཤད་རྒྱུན་ཡོད། གྲོང་སྡེ་འདིའི་ལྷོ་ཕྱོགས་སུ་སྐྱེས་རི་ཞེས་པའི་རི་ཞིག་ཡོད་པ་དེ།ཁོང་གི་དགེ་རྒན་གྱིས་གསུངས་པའི་སྐྱེས་རི་ཞེས་པའི་རི་་དེ་ཡིན་པར་སྙམ་ནས་ལྕང་སྐྱ་སྡེ་བའི་ཉེ་འགྲམ་དུ་ས་སྒང་ཞེས་པའི་གནས་དེ་རུ་ཞག་ཁ་ཤས་བཞུགས་ཏེ་ས་དབྱིབས་ལ་བརྟག་དཔྱོད་བྱེད་སྐབས་ཡུལ་དེའི་རྒན་མོ་ཞིག་གིས་ཁོང་དཔོན་གཡོག་རྣམས་ལ་ཞོ་དང་འོ་མ་བསྐྱལ་བར་སླེབས།་རྗེ་དོ་རིན་པོ་ཆེས་རྒན་མོ་དེ་ལ རི་འདི་མ་གཏོགས་སྐྱེས་རི་ཞེས་པའི་རི་བོ་གཞན་ཡོད་དམ། ཞེས་དྲིས་པར་རྒན་མོ་དེས རྐྱགཞན་ཡང་ཙོང་ཁའི་སྐྱེས་རི་ཞེས་པ་ཞིག་ཡོད། ཞེས་ལན་བཏབ་པ་དང༌། རྗེ་དོ་རིན་པོ་ཆེས་ཁོང་དགོན་པ་བཏབ་ས་དེ་ཙོང་ཁའི་སྐྱེས་རི་རྒྱབ་རི་བྱེད་དགོས་པ་རྟོགས་ཏེ་གནས་འདི་དང་བྲལ།དེ་བས་དེང་སྐབས་ས་སྒང་ཞེས་པའི་གནས་དེ་རུ་རྡེའུ་འབུར་ཆུང་ཆུང་ཞིག་ཡོད།དེ་ནི་རྗེ་དོ་རིན་པོ་ཆེ་བཞུགས་ཤུལ་ཡིན་ཞེས་གྲོང་སྡེ་མི་རྣམས་ཀྱི་ངག་རྒྱུན་དུ་གནས་ཡོད།

    གྲོང་སྡེ་དེའི་བྱང་ཕྱོགས་སུ་མཁར་སྒང་གྲུབ་གནས་ཞེས་པའི་སྤང་རི་ཞིག་ཡོད་པ་དེ་ལ་བཀྲ་ཤིས་རྟགས་ཚང་ཡོད་པར་བཤད། རྒྱང་རིང་ནས་གསལ་བོར་བལྟས་ན་དངོས་གནས་བཀྲ་ཤིས་རྟགས་བརྒྱད་གྱི་དབྱིབས་རེ་རེ་བཞིན་མཐོང་ཐུབ། རི་བོ་དེའི་ཉེ་འདབས་སུ་ ཨ་མདོ་རྡེའུ་འབུར་སྔོ་རིས། ཞེས་པའི་རྡེའུ་འབུར་ཆེན་པོ་ཞིག་ཡོད་དེའི་རྟེན་གྱི་གཙོ་བོ་རྗེ་བཙུན་དོན་གྲུབ་རིན་ཆེན་གྱི་ལྗགས་ལྷམ་ཡ་གཅིག་ཡིན་བཤད། ཡུལ་དེའི་གྲོང་མིའི་ཁ་རྒྱུན་དུ། རྩགལ་ཏེ་ཁྱེད་རང་ལྷ་སར་གནས་མཇལ་དུ་ཕེབས་ཚེ། ལྷ་སའི་མི་དམངས་ཀྱིས། ཨ་མདོའི་རྡེའུ་འབུར་སྔོ་རིས་ལ་མཇལ་ཡོད་དམ། ཨ་མདོའི་རྡེའུ་འབུར་སྔོ་རིས་ལ་མ་མཇལ་ན་ལྷ་སར་གནས་མཇལ་དུ་ཡོང་བས་དགོས་པ་ཅི་ཡོད། ཞེས་ལྷ་སའི་མི་དམངས་ཀྱིས་རྡེའུ་འབུར་དེ་ལ་དད་པ་དང་ཡིད་སྨོན་བྱེད་བཞིན་ཡོད་པར་བཤད།

  4. གཞོན་ནུ་ཟླ་མེད says:

    ཡ་དཔལ་ལྡན་རྒྱ་ལགས། ཐུགས་རྗེ་ཆེ། ད་རུང་དེའི་ཕྱོགས་ན་ཆོས་རྗེ་དོན་རིན་པའི་སྐོར་ལ་ངག་རྒྱུན་ཇི་ཡོད་ཁོམ་པ་ཡོད་ན་གསུངས་རོགས། སྔར་ང་ལོ་བཅུ་བདུན་སྐབས་སུ་རོང་བོ་ཤབ་རང་གི་ཡིན་ཟེར་མཁན་བླ་རྒན་ཞིག་གིས་ངག་རྒྱུན་མང་པོ་ཅིག་གསུངས་སོང་མོད། རྦད་དེ་བརྗེད་སོང་ནས་ས་མིནང་དང་། དགོན་མིང་སོགས་ཡིད་ལ་དྲན་རྒྱུ་མེད་ཀི དེ་མིན་རེབ་ཀོང་ནས་གཅན་ཚ་བརྒྱུད་དེ་བྱ་ཁྱུང་བཙལ་བའི་ངག་རྒྱུན་ཡིད་དུ་འོང་བ་དེ་ཚོ་ངས་ཅུང་ཟད་ཤེས་ཀྱི་ཡོད། ད་དུང་ར་སེམས་ན་གསལ་ལྷང་ངེར་རེད།

  5. གཞོན་ནུ་ཟླ་མེད says:

    བྲག་ཟུར་འདི་ཨ་ར་པ་ཙའི་ལྷ་ཁང་གི་ཟུར་ལ་རེད་འདུག ལམ་ཁ་ཇེ་བདེ་ལ་བཏང་འདུག སྔོན་མ་ཡིན་ན་འདི་ནས་ཚུར་རིག་གསུམ་མགོན་པོ་ཡིན་ན་ཅིག་གི་ལྷ་ཁང་ལ་འགྲོ་ས་ཡོད་པ་རེད། ཞེད་སྣང་ཚ་བོ་ཞེ་བོ་ཅིག་ཡོད། བྲག་འོག་འདི་ནས་སྔོན་མ་ལྷ་འདྲ་ཕོ་བ་དགུ་བརྩེགས་ཟེར་བ་དེ་ཡོང་བ་རེད་ཟེར། དེ་ཡང་སྔར་བླ་ར྄ན་ཅིག་གིས་འཛིགས་བྱེད་སྒོམ་སྐབས། བསྐྱེད་རིམས་རྫོགས་རིམས་སོགས་ལ་མ་སྦྱང་བར། འཇིགས་བྱེད་ཀྱི་ཐང་ག་ལ་གསལ་བོ་ཅིག་བལྟས་རྗེས། དེ་ཉིད་ཡང་ཡང་སྒོམ་ནས་ཤིས་སྐབས་ཁོ་ལྷ་འདྲེ་ཕོ་བ་དགུ་བརྩེགས་ཟེར་བ་དེ་ཆགས་པ་རེད་ཟེར། དེ་ནི་མདུན་ནས་བལྟས་ན་དཇིགས་བྱེད་དང་འདྲ་ལ། རྒྱབ་ནས་བལྟས་ནས་སྟོང་པ་ཡིན་ནི་རེད་ཟེར། བྱ་ཁྱུང་ན་ཁྱེ་ཊ་པ་ལའི་འཆམ་ཡ་མཚན་ཅིག་འཁྲབ་རྒྱུ་ཡོད། དེ་ནི་དེའི་སྐབས་ནས་བྱུང་བ་རེད་། གནོད་སྦྱིན་ཁྱེ་ཊ་པ་ལས་ལྷ་འདྲེ་ཕོ་བ་དགུ་བརྩེགས་འཆམ་འཁྲབ་ནས་བསྒྲལ་བ་རེད། ཡ ད་ཁྱོད་ཚོ་ལྺ་འདྲེ་ཕ་བ་དགུ་བརྩེགས་ལ་འེ་སྐྲག ཧཧཧ

བསམ་ཚུལ་འབྲི་རོགས།





*