ཨ་མདོའི་མཆོད་རྟེན་རིང་མོ་དང༌། ཨ་མདོའི་རྡོ་འབུམ་སྔོ་རིས།

འབྲི་མཁན། དཔལ་ལྡན་རྒྱལ། on May 19th, 2009
copy-1-of-img_5418

ཨ་མདོའི་མཆོད་རྟེན་རིང་མོ་དང༌། ཨ་མདོའི་རྡོ་འབུམ་སྔོ་རིས།

 ཡུལ་དེའི་གྲོང་མིའི་ཁ་རྒྱུན་དུ། གལ་ཏེ་ཁྱེད་རང་ལྷ་སར་གནས་མཇལ་དུ་ཕེབས་ཚེ། ལྷ་སའི་མི་དམངས་ཀྱིས། ཨ་མདོའི་རྡོ་འབུམ་སྔོ་རིས་ལ་མཇལ་ཡོད་དམ། ཨ་མདོའི་རྡོ འབུམ་སྔོ་རིས་ལ་མ་མཇལ་ན་ལྷ་སར་གནས་མཇལ་དུ་ཡོང་བའི་དགོས་པ་ཅི་ཡོད།་ཞེས་ལྷ་སའི་མི་དམངས་ཀྱིས་རྡོ་འབུམ་འདི་ལ་དད་པ་དང་ཡིད་སྨོན་བྱེད་བཞིན་ཡོད་པར་བཤད།་ ང་རང་ཆུད་དུས་སློབ་གྲར་བསྐྱོད་སྐབས་རྡོ་འབུམ་འདི་མི་མཐོང་ས་ནས་རང་གི་ནང་མི་རེ་རེར་རྡོ་རེར་བཏུས་ཡོང་ནས་རྡོ་འབུམ་གྱི་མདུན་ནས་། འདི་ཨ་རྒྱའི་སྐལ་ཡིན། འདི་ཨ་མའི་སྐལ་ཡིན་ཅེས་ནང་མི་རེ་རེའི་མིང་འབོད་བཞིན་རྡོ་རེ་རེ་རྡོ་འབུམ་སྟེང་དུ་འཕེན་གྱིན་ཡོད། འདི་ནི་ལྕང་སྐྱ་སྡེ་བའི་ལུགས་སྲོལ་ཡིན། རྒྱབ་རི་འདིའི་སྒང་དུ་རེབ་གོང་གྲུབ་གནས་བརྒྱད་ཀྱི་ནང་གི་མཁར་སྒང་གྲུབ་གནས་ཆགས་ཡོད་ལ། རི་འདི་ལ་རྒྱང་རིང་ནས་ཞིབ་ཏུ་བལྟས་ན་བཀྲ་ཤིས་རྟགས་བརྒྱད་གྱི་དབྱིབས་རེ་རེ་བཞིན་མཐོང་ཐུབཔརབཤད།

 

img_3213

མདོ་སྨད་རྩེ་ཁོག་གི་ས་སྟོང་ཤིག་ཏུ་འཐེན་ཡོད་པའི་དར་ལྕོག

གྲོགས་པོ་ཁ་ཤས་དང་མཉམ་དུ་དར་ལྕོག་འདིའི་འགྲམ་དུ་གུང་ཟས་ཟ་སྐབས་དར་ལྕོགས་འདིའི་་ཕན་གནོད་ཐད་རྩོད་གླེང་ཅུང་ཙམ་བྱུང་ནའང༌།དར་ལྕོག་འདིས་བོད་ཀྱི་ཁྱད་ཆོས་མཚོན་པ་མ་ཟད།ཁོར་ཡུག་སྲུང་སྐྱོབ་ལ་དྲན་སྐུལ་གྱི་ནུས་བ་ཐོན་བཞིན་པ་གཅིག་གྱུར་མོས་མཐུན་བྱུང༌།

rebkong-larang-131

མདོ་སྨད་རྒན་རྒྱའི་རྩ་ཐང༌།

གནས་འདི་རུ་གན་རྒྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད་གཉིས་ཀྱི་བརྩེ་དུང་གིས་ཁེངས་འདུག།ཨ་མདོ་ཡུལ་དུ་དར་ཁྱབ་ཆེ་བའི་རོགས་འཐེན་”གན་རྒྱའི་སྐར་མ་དང་སྨན་ཚོང་ཚེ་སྐྱིད་ཅེས་པ་རྩ་ཐང་འདི་ནས་བྱུང་བའི་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན། ས་འདི་རུ་རྒན་རྒྱའི་བྲག་དཀར་ཅེས་པའི་གནས་ཆེན་ཁྱད་པར་ཅན་ཞིག་ཀྱང་ཡོད།



10 Comments so far ↓

  1. palden says:

    very nice

  2. གཞོན་ནུ་ཟླ་མེད says:

    ཨ་རོགས་གསར་འགོད་པ་ལགས། ཁྱོད་ཀྱི་རྒན་རྒྱའི་ཐང་གི་དཔར་འདི་ངས་བསྐྱར་དཔར་ཞིག་བྱས་ན་འེ་འགྲིག སྔོན་མ་ཟིག་ཀ་ང་ས་ཆ་འདིར་སོང་ནས། འའའ་དེའི་སྐབས་ལ་ཡང་འདི་ནང་བཞིན་དྲུག་པའི་ནང་ཟིག་རེད། མེ་ཏོག་གི་དྲི་བཟང་ཟོ་མཆེད་ཀི་འདུག་ཀི

  3. ཁྱེད་ཀྱིས་ཆོག་མཆན་ཞུས་བར་བཀའ་དྲིན་ཆེ། ཉིད་ཀྱི་འདོད་པ་བཞིན་བསྐྱར་པར་བྱེད་རོགས།

  4. tenzin tsomo says:

    very nice pictures. mind-blowing.

  5. ལྕང་སྐྱའི་ཨ་ཁུ་ཚོས་ཨ་མདོའི་རྡོ་འབུམ་སྔོ་རིས་ཇེ་ཆེར་གཏོང་བའི་འཆར་གཞི་འདུག

  6. ཕྱག་རྒྱ། says:

    འ་རོ་གསར་འགོད་པ། ཁྱོད་བདེ་མོ། ངས་འདིར་དཔེ་ཆ་ཞིག་བསྐུར་ན་ཆོག་གམ།

  7. བདེ་མོ་ཡིན། དཔེ་ཆ་བསྐུར་རོགས་ཞུ།

  8. དཔལ་ལྡན་རྒྱལ་ལགས།
    ལྕང་སྐྱའི་རྡོ་འབུམ་སྔོ་རིས་ཀྱི་འདྲ་པར་འདི་རེབ་གོང་རིག་མཛོད་དྲ་བའི་སྟེང་ལ་འགོད་རྩིས་ཡོད་པས་ཉིད་ལ་མཆོག་མཆན་ཞུས་པ་ཡིན།

  9. འགོད་རོགས་ཞུ།

བསམ་ཚུལ་འབྲི་རོགས།





*