ཨ་མའི་བུ། ཞེད་སྣང་མ་སྐྱེས།

འབྲི་མཁན། དཔལ་ལྡན་རྒྱལ། on June 17th, 2009

  སྙན་ངག་པ་ལྗང་བུ་ལགས་ཀྱིས་བྲིས་པའི ཨ་མ་ལགས། ང་ཞེད་སྣང་འདུག
ཅེས་པའི་སྙན་རྩོམ་དེ་ཀློག་རྗེས།

ཨ་རོ་གྲོགས་པོ།    ཁྱེད་ཀྱིས་བར་སྐོར་ནང་་བརླན་བཤེར་གྱི་ཁང་ཆུང་དེ་རུ།
སྤྱན་མིག་དགུང་ལ་གཏད་དེ།   སྐར་མའི་གྲངས་ཀ་བརྩི་བཞིན་པ་ངས་མཐོང་སོང༌།
སྤང་ཁའི་མེ་ཏོག་འཐུ་བཞིན། ལོ་རྒྱུས་ཀྱི་བདེན་དཔང་ཆེད།
 ཁྱེད་རང་གནས་དེར་ཕེབས་པ་འདྲ།

ཨ་རོ་གྲོགས་པོ།   ཞེད་སྣང་མ་སྐྱེས།
ཁྱེད་ཀྱིས་རྟོགས་བཟོ་བྱས་པའི་ཁང་མིག   ལམ་ཕྲན།  མེ་ཏོག   དགེ་ཆོས།
ཚང་མ་བར་སྐོར་ནང་གི་མཛེས་རྒྱན་ཅིག་ཡིན་པས།
ཁྲག་དམར་འཛར་བཞིན་པའི་ཉལ་ཆས་དེ་ལ་ལོ་རྒྱུས་ཀྱི་དོན་སྙིང་ལྡན།

ཞེད་སྣང་མ་སྐྱེས༌།  ཨ་རོ་གྲོགས་པོ།
ཁྱེད་ཀྱིས་ཉལ་ཆས་བརླན་བཤེར་ལྡན་པའི་རྒྱུ་མཚན་རྟོགས་ཡོད་པས།
ཞེད་སྣང་སྐྱེས་མི་སྲིད།
སང་ཉིན།   ཁྱེད་ཀྱིས་གཤེར་ཁུ་དམར་པོ་འཛར་བའི་ཁང་མིག་ནང༌།
གཤིན་པོའི་རྣམ་ཤེས་རེ་རེ་ལ་བརྩེ་བའི་འོ་རེ་གནོངས་དང༌།
རྣམ་ཤེས་རེ་རེས་ཁྱེད་ལ་གཏམ་རྒྱུད་རེ་རེ་བཤད་སྲིད་ལ།
གཏམ་རྒྱུད་དེ་དག་གིས་ཁྱེད་ཀྱི་ཞེད་སྣང་འཇོམས།

ཁྱེད་ཀྱིས་རྟོགས་བཟོ་བྱས་པའི་ཁང་མིག་དེ་པོ་ཏ་ལ་དང༌། མེ་ཏོག་དེ་གངས་ལྷ་མེ་ཏོག།
དགེ་ཆོས་དེ་རང་ཉིད་ཡིན་པ་བདེན་དཔང་བྱེད་སྲིད། 
འོན་ཀྱང་ལམ་ཕྲན་དེ་་་་་་་་་་་་་་་་་་་་་་་་་་

༢༠༠༠ ལོའི་ཟླ་བ་༨ ཚེས་༡༦ ཉིན་ཝ་ཤིན་ཏུང་དུ།



4 Comments so far ↓

  1. བོད། ཤ་ཁྲག་རུས་གསུམ་ says:

    ཁྱེད་ཀྱིས་སྙན་གྲགས་སྔ་ནས་གོ་མྱོང་ཡོད། དེ་རིང་འདི་ནས་སྐུ་ཉིད་ཀྱིས་ཟིན་བྲིས་ཤིག་གཉར་ཡོད་པ་མཐོང་བས་དངོས་ནས་དགའ་བསུ་ཡོད། སྐུ་ཉིད་ཀྱིས་དེབ་སྒྱུར་མ་དེ་བདག་གིས་ཐེངས་ཤིག་བཀླགས་མྱོང་ཡོད་ལ། ཉིད་ཀྱིས་ཕྱག་རྩོམ་དེ་ཡང་ཚར་གཅིག་ཀློག་མྱོང་ཡོད། རྗེས་ཕྱོགས་སྐུ་ཉིད་ཀྱིས་ཟིན་བྲིས་འདི་ལ་ཡང་ཡང་ཀློག་པ་པོ་ཞིག་གི་མིང་ཐོག་ནས་ཡང་ཡང་བཅར་ངེས་ཡིན།

    བོད། ཤ་ཁྲག་རུས་གསུམ་ཏུ་འབོད་པས།

  2. སྐུ་ཉིད་ཕྲན་གྱི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ།

  3. བོད། ཤ་ཁྲག་རུས་གསུམ་ says:

    སྐུ་ཉིད་ཀྱིས་བཏང་བས་འཕྲིན་དེ་ཉིད་བདག་ལ་འབྱོར་སོང་ཐུགས་རྗེ་ཆེ། དུས་ཚོད་གང་ཡོད་དུ་ཉིད་ཀྱིས་ཟིན་བྲིས་ཀློག་ཏུ་ཡོང་གི་ཡིན།

  4. བསོད་ནམས says:

    ཡིན

བསམ་ཚུལ་འབྲི་རོགས།





*