སྙན་ངག་མཁན Oscar wilde ལགས་སུ་ཕུལ་བ།

འབྲི་མཁན། དཔལ་ལྡན་རྒྱལ། on May 16th, 2009

དགོང་ཁའི་ས་སྲོད་ཀྱི་དུས་ཤིག་ལ།
ཁྱེད་རང་སྐར་མ་འོད་ཆེན་ཞིག་དང་འགྲོགས་ཏེ།
འཇིག་རྟེན་གཞན་ཞིག་ཏུ་ཕེབས་པ་ངས་མཐོང་སོང༌། Oscar Wilde ལགས།
དེ་རིང་ངས་ཁྱེད་ཀྱི་དུར་སའི་མདུན་དུ་པུས་མོ་ས་ལ་བཙུགས་ཏེ།
སྐུ་ཉིད་རང་ཡུལ་ནས་གནས་སྤོས་བཏང་བས་སྐྱོ་སྡུག་་དང༌།
མི་ཡུལ་གཞན་དུ་དུར་དུ་སྤོས་པའི་སྐོར་ལ་བཀའ་མོལ་ཞུས་པའི་ལན་དུ།
Pere Lachaise
ཡི་དུར་ཁྲོད་ནང་དུ།རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ཇི་བཞིན།
སྙན་ངག་གི་མེ་ལྕེ་མཆེད་བཞིན་པ་ནི་ཁྱེད་ཀྱི་སྐུ་དྲིན་ཡིན་པས།
ངས་བཀའ་མོལ་ཞུ་འདོད་ལ་ལན་གསལ་གནང་བར་ཐུགས་རྗེ་ཆེ།

གཞོན་སྐྱེས་སྙན་ངག་པ་གང་མང་གིས།
ཁྱེད་ལ་བལྟས་ཏེ་འཇིག་རྟེན་འདིར་འཁང་ར་བྱེད།
སྙན་ངག་གི་ཞིང་ཁམས་ལ་ཡིད་སྨོན་སྐྱེས་ཤིང༌།
ཁྱེད་ཀྱི་རིག་སྟོབས་ལ་རྒྱབ་རྟེན་བཅོལ།
ངས་ཁྱེད་ལ་གུས་ཕྱག་ཞིག་ཕུལ་ཡོད་པ་བཞེས་རོགས་མཛོད།
༡༩༩༧ལོའི་ཟླ ༤ ཚེས ༣ ཉིན་ཕ་རེ་སུ་རུ Oscar wilde
ཡི་དུར་སའི་མདུན་དུ།



1 Comments so far ↓

  1. ཐག་རིང་ཡུལ་དུ་འཁྱམས་པའི་བུ་ཆུང་ང་ལ།
    བརྩེ་བའི་མཆུ་སྒྲོས་སྦྱོར་སའི་མཛའ་གྲོགས་མེད་ཀྱང་།
    སྙིང་གཏམ་གདམས་ངག་གནང་མཁན་བླ་མ་དེ་ཉིད།
    ས་ཕྱོགས་གང་དུ་བཞུགས་ཀྱང་བཙལ་སྙིང་འདོད་ཀི
    གཅིག་པུར་ཁེར་རྐྱང་ལུས་པའི་ཕོ་ཧྲེང་ང་ལ།
    ཤ་དྲོད་མཉམ་དུ་སྦྱར་སའི་མཛེས་མ་མེད་ཀྱང་།
    གདམས་ངག་བདུད་རྩི་འཐུང་བའི་ཆོས་གྲོགས་དེ་ཉིད།
    མ་འཕྲད་ཡུན་རིང་སོང་བས་སྙིང་ལ་གཟན་ཀི
    རྒྱ་གྲོག་ཚང་ལ་བལྟས་འདྲའི་གྲོང་ཁྱེར་དབུས་ནས།
    སུམ་ཐོག་ཅན་གྱི་ཁང་པ་ང་ལ་མེད་ཀྱང་།
    བཅུ་ཕྲག་རིག་པས་ཕྱུགས་པའི་ཕ་དགོན་དེ་ཉིད།
    མི་འདོད་འབྲལ་དགོས་བྱུང་བ་སེམས་པ་སྐྱོ་ཀི
    གཡོ་སྒྱུ་ཁྲམ་གསུམ་འཛོམས་པའི་རྒྱ་གྲོང་དཀྱིལ་དུ།
    ཤུབ་ཤུབ་སྙིང་གཏམ་བཤད་སའི་གྲོགས་པོ་མེད་ཀྱང་།
    ན་མཉམ་སྐྱིད་སྡུག་ཐེག་པའི་བསླུ་མེད་མནའ་གྲོགས།
    སེམས་ལ་དཀའ་ངལ་འཕྲད་དུས་ཡོད་ན་བསམ་ཀི།

བསམ་ཚུལ་འབྲི་རོགས།





*