རྩ་ཐང་གི་ལྷིང་འཇགས་དཀྲོགས་བྱུང་།

འབྲི་མཁན། དཔལ་ལྡན་རྒྱལ། on July 31st, 2009
moto
པར་པ་དཔལ་ལྡན་རྒྱལ།
ང་ཕ་ཡུལ་དང་ཁ་གྱེས་ནས་ལོ་བཅུ་ཡི་རྗེས་སུ་གྲོགས་པོ་ཞིག་དང་མཉམ་དུ་འོད་སྡེར་བརྙན་འཕྲིན་ཅིག་ལ་བལྟས་པ་ཡིན། དེའི་ནང་དུ་ལྷིང་འཇགས་ཀྱི་རྩ་ཐང་སྟེང་རྟ་ནོར་ལུགས་གསུམ་གྱིས་གང་དགར་རྩ་ཆུར་རོལ་བཞིན་པའི་སྐབས། ལྡིར་སྒྲ་ཞིག་གིས་རྩ་ཐང་གི་ལྷིང་འཇགས་དཀྲོགས་བྱུང་ལ།   ངས་སེམས་སུའང་སྐྱི་ཡ་བའི་ཞེད་སྣང་ཞིག་སླེབས་བྱུང་།  ལྡིར་སྒྲ་དེ་ནི་བོད་ལ་གྱོན་པའི་ཕོ་གསར་བཞི་མོ་ཐོ་སྦག་སྦག་ཞོན་ནས་རྩ་ཐང་དུ་བསྐོར་རྒྱུགས་བྱས་པ་དེ་རེད།
 དེ་ནས་ལོ་ངོ་བཅུ་བདུན་གྱི་རྗེས་ཏེ། ༢༠༠༦་ལོར་ཕ་ཡུལ་ལ་བསྐྱོད་སྐབས་རྩ་ཐང་དང་རི་བོ་འང་མོ་ཐོ་ཡིས་ཁེངས་འདུག མོ་ཐོས་ཁེངས་པའི་རྩ་ཐང་སྟེང་ད་དུང་ཡང་རྟ་ཁ་ཤས་ལྷག་
འདུག  img_3444 ང་རྟ་ཞིག་ལ་ཞོན་ནས་རྩ་ཐང་དུ་བསྐོར་རྒྱུགས་ཞིག་བྱེད་བསམ་ནའང༌། ང་རྟ་ར་ར་དེ་ཞོན་ནས་སྲིབ་ཁ་ལྷོད་མ་ཐག་གནམ་ལ་ལངས་ནས་ས་ལ་གཡུགས་བྱུང༌། དེ་ནས་རླངས་འཁོར་ཅིག་ལ་བསྡད་ནས་ཕྱིར་ཡོང་བ་ཡིན། ང་ཡང་འདོད་པ་མེད་བཞིན་དུ་རྩ་ཐང་གི་ལྷིང་འཇགས་དཀྲོག་མཁན་ཅིག་ཏུ་གྱུར་བ་འདིས་ངའི་སེམས་སུ་སྐྱོ་སྡུག་དང་མིག་ལ་ཆུ་མ་འཁོར། ཁྱེད་ཉིད་བོད་ཀྱི་རྩ་ཐང་སྟེང་རྟ་ལ་ཞོན་ཨེ་མྱོང༌།   ཐོ་མོ་ཞོན་ཨེ་མྱོང༌།  སེམས་ཚོར་མི་འདྲ་བ་ག་འདྲ་འདུག།


1 Comments so far ↓

  1. གློག་ཞགས། says:

    བཀླགས་ཟིན།

བསམ་ཚུལ་འབྲི་རོགས།





*