ལྕང་སྐྱ་སྡེ་བ།

འབྲི་མཁན། དཔལ་ལྡན་རྒྱལ། on May 16th, 2009

གཤམ་གསལ་གྱི་པར་འདི་དག་གི་ང་རང་བོད་དང་ཁ་གྱེས་ནས་ལོ་ངོ་བཅུ་བདུན་གྱི་རྗེས་ཏེ།༢༠༠༦་ལོར་རང་ཡུལ་དུ་གཉེན་འཕྲད་ལ་བསྐྱོད་སྐབསབླངས་པའི་པར་ཁ་ཤས་ཡིན།

Janggyaགོང་གསལ་གྱི་པར་འདི་ནི་ང་རང་སྐྱེས་ཡུལ་དང་འཚར་ལོངས་བྱུང་སའི་ལྕང་སྐྱ་སྡེ་བའི་ཞོགས་པའི་རྣམ་པ་རེད།ལྕང་སྐྱ་སྡེ་བ་ནི་བོད་ཀྱི་ཤར་ཕྱོགས་མདོ་སྨད་ཡུལ་གྱི་རེབ་གོང་ཤོག་ཁག་བཅུ་གཉིས་ཀྱི་ནང་ཚན་བསེ་ལུང་བ་གསུམ་ནང་གཅིག་ཡིན།

Labtse1aལྕང་སྐྱ་སྡེ་བའི་ཨ་མྱེས་རྨོག་རྒོད་ལ་ལབ་ཙེ་གཏོད་པའི་གྲ་སྒྲིག

img_4772ལྕང་སྐྱ་སྡེ་བའི་ཕོ་གསར་ཚོས་ཨ་མྱེས་རྨོག་རྒོད་ལ་ལབ་ཙེ་གཏོད་བཞིན་པ།

img_4816ལབ་ཙེ་འགྲུབ་ནས་ལྕང་སྐྱ་སྡེ་བའི་ལྷ་དགའ་མི་དགའ།



8 Comments so far ↓

  1. chenchen says:

    thank you very much for your photos. i am also from your village.

  2. palden says:

    Thank you very much for your photos.i come from Rekong

  3. གཞོན་ནུ་ཟླ་མེད says:

    ཨ་རོགས་གསར་འགོད་པ་ལགས། ཁྱོད་རང་གིས་ལྕང་སྐྱ་སྡེ་བ་འདི་ལོ་རྒྱུས་ཐོག་གི་བླ་ཆེན་ལྕང་སྐྱ་རིན་པོ་ཆེ་ངག་དབང་མཆོག་ལྡན་གྱི་སྐུའི་འཁྲུངས་ཡུལ་ལྖང་སྐྱ་དེ་རེད་དམ། དེ་ལས་ལོག་ཀ་ཅིག་རེད་ལགས། དེ་མིན་ལབ་ཙེ་གཏོབ་པ་སོགས་ཀྱི་འདྲ་རིས་ལ་ཐུགས་རྗེ་ཆེ།

  4. གཞོན་ནུ་ཟླ་མེད says:

    འ་ཁ་ཁ། སྡེ་ཁྱིམ་ལ་གསར་དུ་ཡོང་དུས་ཁ་བཏགས་ཟིག་ཁས་ཡོང་དགོས་ནི་རེད་ད། ད་ལས་ཀ་ནས་འཚ་ཀ་འཚིག་ཀེ་ལྡིང་ནས་ཡོངས་པས་ལག་ན་ཁ་བཏགས་ཟིག་ལ་མེད་ཀི གང་ལྟར་ཁ་སྟོང་བའི་མཆན་ཟིག་བཏབ་ན་ནང་ང་གཏོང་གི་ཡོད་མེད་ལ་མི་ཤེས་ཀི

  5. གཞོན་ནུ་ཟླ་མེད་ལགས། ཕྲན་གྱི་ཟིན་བྲིས་ནང་ཕེབས་པར་དགའ་བསུ་ཞུ།
    ལོ་རྒྱུས་ཐོག་གི་བླ་ཆེན་ལྕང་སྐྱ་རིན་པོ་ཆེ་ངག་དབང་མཆོག་ལྡན་གྱི་སྐུའི་འཁྲུངས་ཡུལ་ལྖང་སྐྱ་དེ་ང་ཚོའི་སྡེ་བ་འདིའི་མ་རེད་ལགས། ཁོང་ནི་མདོ་སྨད་ཙོང་ཁའི་ཉེ་འདབས་གཡི་དགེའི་ཆར་གཏོགས་རྟ་ཕྱུག་ཅེས་པའི་གྲོང་དུ་སྐུ་འཁྲུངས་ཞེས་དུང་དཀར་ཚིག་མཛོད་དུ་གསལ། ངས་ཀྱང་འདིའི་ཐད་དོ་སྣང་བྱས་པ་ཡིན། ལྕང་སྐྱ་རོལ་བའི་རྡོ་རྗེ་སོགས་ང་རང་སྐྱེས་སའི་གྲོང་སྡེ་འདི་ལ་འབྲེལ་བ་མི་འདུག

  6. གཞོན་ནུ་ཟླ་མེད says:

    འོ་ཡ། དེ་ཅུང་ཟད་ནོར་ཡོད་ཀི ལྕང་སྐྱ་རོལ་བའི་རྡོ་རྗེ་ནི་ལྕང་སྐྱ་སྐུ་ཐོག་གཉིས་པ་རེད། ཁོང་གི་སྕང་སྐྱ་ཅེས་པའི་མིང་དེ་སྐུ་ཐོག་དང་པོ་ནས་ཡོང་བ་རེད། སྐུ་ཐོག་དང་པོ་རང་དབང་མཆོག་ལྡན་གྱི་མིང་ཟུར་གྱི་ལྕང་སྐྱ་དེ་འཁྲུངས་ཡུལ་ནས་ཡོང་བ་རེད་ཅེས་ལྕང་སྐྱའི་རྣམ་ཐར་ན་ཡོད། འོན་ཀྱང་དེའི་ལྕང་སྐྱ་ནི་རོང་བོ་ནང་གི་ལྕང་སྐྱ་ཡིན་ནམ་ཡང་ན། མདོ་སྨད་ཕྱོགས་ན་ལྕང་སྐྱ་ཟེར་བའི་སྡེ་བ་གཞན་ཡང་ཡོད་། དེའི་སྐོར་གྱི་དྲི་བ་ཡིན།

  7. tenzin tsomo says:

    thank you very much for your photos. i am also from your village.

  8. གནམ་མཚོ་ལགས། ཁྱེད་བདེ་མོ།་ གནས་འདི་ནས་ང་ཚོ་འཚར་ལོངས་བྱུང་བ་བརེད།

བསམ་ཚུལ་འབྲི་རོགས།





*