གཞོན་སྐྱེས་རྩོམ་པ་པོ་ཞིག་འཛིན་བཟུང༌།

འབྲི་མཁན། དཔལ་ལྡན་རྒྱལ། on August 11th, 2009
རྩོམ་པ་པོ་ཐེའུ་རང༌།

རྩོམ་པ་པོ་ཐེའུ་རང༌།

ཨ་མདོ་རྔ་བ་ཐང་བསྐོར་ནས་ཡིན་པ་དང༌།  ནུབ་བྱང་མི་རིགས་སློབ་གྲ་ཆེན་མོའི་ནང་སློབ་གཉེར་བྱེད་བཞིན་པའི་སློབ་མ། ཤར་དུང་རི་དུས་དེབ་ཀྱི་རྩོམ་སྒྲིག་པ་བཀྲ་ཤིས་རབ་བརྟན་ནམ། སྨྱུག་མིང་ལ་ཐེའུ་རང་ཟེར་བ་ཟླ་བ་བདུན་པའི་ཚེས་༢༦ ཉིན་sharརྒྱ་ནག་བདེ་འཇགས་མི་སྣས་འཛིན་བཟུང་བཀག་ཉར་བྱས་ཡོད་པ་རེད། རྩོམ་པ་པོ་ཁོང་གིས་ན་ནིང་བོད་མི་མང་གིས་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་བའི་སྐོར་གྱི་གནས་ཚུལ་བཀོད་པའི “ཁྲག་ཡིག” ཅེས་པའི་དེབ་ཅིག་བྲིས་ཡོད་པ་དང༌།  དེའི་ནང་རྩོམ་པ་པོས་གསལ་བཤད་ཅིག་བྱས་པའི་ནང་བཀོད་དོན། དེབ་ཆུང་འདི་ནི་ཁོ་བོ་རང་ཉིད་ཀྱི་ན་ཚོད་དང༌། ཡོན་ཚད་ཀྱི་ངོས་ནས་བཤད་ན་འཕུད་རྒྱུ་སྔ་དྲགས་པའི་ལས་ཀ་ཞིག་ཡིན་སྲིད་མོད། ནམ་རྒྱུན་བླ་སྲོག་གི་ཕྱི་ནང་ཡོད་ཚད་ལ་ལྕག་ཚན་གྱིས་བྲབ་པའི་དམིགས་བསལ་བའི་ལོ་ཟླ་ཞིག་ གི་ངོས་ནས་བཤད་ན། ཅིས་ཀྱང་མི་བཤད་ཐུ་མེད་དུ་གྱུར་བའི་སྐད་ཆ་འབའ་ཞིག་ཏུ་ངེས་པས་ན། ཁོ་བོ་ནས་ཀྱང་སྨྲ་སྒོ་རང་ས་ནས་བསྡམས་ཏེ་འདུག་པ་ལས་སྨྲ་བ་གྲོལ་ཏེ་སུ་ཞིག་བཅད་པ་ཡིན་ན་རིན་དོད་ཆེ་བར་འདོད་པའི་གདམ་ག་ཞིག་ལ་འཕྲེང་ཏེ། ད་གཟོད་རང་གི་ན་ཚོད་ལས་ཀྱང་གཉོམ་ལག་མ་རྒྱས་པའི་དེབ་ཆུང་འདི་ཆེད་དུ་སྟོང་ལོ་ བརྒྱད་དགུ་གཉིས་ཀྱི་སོ་མཚམས་སུ་ཁྲག་གི་ཐིགས་པ་བཞིན་གཏར་བ་ལགས་སོ། ཞེས་བཀོད་འདུག  རྩོམ་པ་པོ་བཀྲ་ཤིས་རབ་བརྟན་ནམ།་ ཐེའུ་རང་གར་སོང་ཆ་མེད་དུ་གྱུར་ཡོད་པའི་སྐོར་ལ་བོད་ནང་གི་མི་ཞིག་དང་།  ཁྲིམས་རྩོད་པ་བླ་མ་སྐྱབས་གཉིས་དང་མཉམ་དུ་གླེང་མོལ་བྱས་པར་ཉན་ན་སྦྲེལ་ཐག་འདིར་མཐུད་རོགས།


http://www.rfa.org/tibetan/chediklaytsen/amdolaytsen/rawanggilentek/tibetan-writer-disappeared-08112009121136.html



1 Comments so far ↓

  1. བོད། ཤ་ཁྲག་རུས་གསུམ་ says:

    རྒྱ་ནག་གི་བཟུང་དེ་སོང་ཟིན་རྗེས། དེ་ནི་ཁྲིམས་དང་བསྟུན་པའི་ལས་ཀ་ཞིག་བྱེད་ཀྱི་མེད་པ་ནི་ངེད་ཅག་བོད་ནས་ཡོང་མཁན་ཞིག་ཡིན་ན་ཕལ་ཆེར་ཤེས་གསལ་རེད། ད་ནི་འདི་ལ་བོད་ཕྱི་ན་ཡོད་མཁན་དང་བོད་ཀྱི་གཞོན་སྐྱེས་དག་གི་ཤུགས་ཆེན་པོའི་སྒོ་ནས་ཐེའུ་རང་གླེང་རྒྱུ་དེ་ནི་དངོས་ནས་གལ་ཆེན་རེད། དཔེར་ན། ང་རང་ལོ་བཅུ་བདུན་སྟེང་དོན་མེད་ཉེས་མེད་དུ་བོད་དོན་དུ་འཛིན་བཟུང་བྱོས་དེ་ཉིན་བརྒྱད་ཀྱི་རིང་དུ་སྤྱི་བདེ་ལས་་ཁུངས་ནས་བཀག་གཉར་བྱས་ཀྱང་། ནང་མི་ཕར་ཞོག ཐ་ན་རང་གི་གྲོགས་པོ་དག་གི་ནང་དུ་ཡང་ང་རང་གང་དུ་འཁྲིད་ཡོད་མེད་དང་གང་དུ་ཡོད་མེད་ཤེས་མཁན་བྱུང་ཡོད་པ་མ་རེད། དེ་ལ་ཕར་རྩར་གཅོད་ཅིག་བྱེད་མ་ཐུབ་དུས་གཞོན་སྐྱེས་སྙིང་སྟོབས་ཅན་དེ་ཚོ་དངོས་ནས་རྒྱ་ལག་ནས་ཚར་རྒྱུ་རེད།

བསམ་ཚུལ་འབྲི་རོགས།





*