དམག་དཔུང་ཕྱིར་འཐེན་དང་། མི་རིགས་གཙང་སེལ་ཀྱི་གནད་དོན་ལ་ལན་འདེབས།

འབྲི་མཁན། དཔལ་ལྡན་རྒྱལ། on September 9th, 2009
samdong

བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེ། པར་བ་དཔལ་ལྡན་རྒྱལ།

༢༠༠༨ ལོའི་སྤྱི་ཟླ་བཅུ་གཅིག་པའི་ནང་གོང་ས་མཆོག་གི་སྐུ་ཚབ་རྣམ་པས་རྒྱ་ནག་གཞུང་ལ་བོད་དོན་ཐག་གཅོད་ཆེད།  “བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་ཐབས་སྐོར་གྱི་བསམ་འཆར།” ཡིག་ཆ་ཞིག་ཕུལ་ཡོད་པ་དེར།  རྒྱ་ནག་གཞུང་གིས་ངོས་ལེན་བྱས་མེད་པར་དེ་ནི་བོད་རང་བཙན་དང་།  ཕྱེད་རང་བཙན།  རྣམ་པ་འགྱུར་པའི་རང་བཙན་རྩོད་ལེན་གྱི་ཐབས་ཞིག་རེད།  རྒྱལ་སྤྱིའི་སྟེང་དྲིལ་བསྒྲགས་ཤུགས་ཆེན་བྱས་ཡོད་པ་རེད།  དེ་ནས་ཟླ་བ་བཅུ་ལྷག་གི་རྗེས་དེ།   ཉེ་ཆར་བཙན་བྱོལ་བོད་གཞུང་གིས།  རྒྱ་ནག་གཞུང་ནས་དམག་དཔུང་ཕྱིར་འཐེན་དང༌།  མི་རིགས་གཙང་སེལ་ཞེས་བོད་མིའི་མངོན་འདོད་ལ་འཁྱོག་བཤད་བྱས་པར་བདེན་པའི་ལན་འདེབས་ཞེས་པའི་ཡིག་ཆ་ཞིག་ཡོངས་ཁྱབ་ཀྱིས་བཀྲམས་འདུག   ཡིག་ཆ་དེའི་ནང་དུ་དམག་དཔུང་ཕྱིར་འཐེན་ཞེས་པའི་སྐོར་ལ་བཀོད་དོན།   “༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་མ་འོངས་པར་བོད་དེ་འཚེ་མེད་ཞི་བའི་བསྟི་གནས་ཤིག་དང༌།  ཁོར་ཡུག་སྲུང་སྐྱོབ་ཀྱི་ར་བ་ཞིག་ཏུ་བསྒྱུར་གནང་མཛད་རྒྱུའི་དགོངས་བཞེད་དེ་ནི། ་གང་ཉིད་ཀྱི་འཁོར་འབངས་སུ་གཏོགས་པའི་བོད་མི་རྣམས་དང༌། དེ་དག་ལོ་ངོ་སྟོང་ཕྲག་རིང་འཚོ་སྡོད་བྱེད་ཡུལ་གྱི་མཐོ་སྒང་དེ་རེད། བོད་ཀྱི་སྣོད་བཅུད་གཉིས་གར་བཅངས་པའི་འབྱུང་འགྱུར་གྱི་འཆར་སྣང་ཞིག་ཡིན་པ་ལས། དེ་དག་ཞི་མོལ་གང་ཡང་རུང་བ་ཞིག་བབྱེད་པར་སྔོན་འགྲོའི་ཆ་རྐྱེན་བཏོན་པ་ཞིག་མ་ཡིན་ཞེས་བཀོད་འདུག    དེ་བཞིན་ཡིག་ཆ་དེའི་ནང་དུ།  རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས་རྒྱ་རིགས་བོད་ནང་དུ་གནས་སྤོར་བྱེད་དགོས་པའི་སྐོར་ལ་གཏམ་བཤད་བྱས་ཡོད་པ་ཁག་ལུངས་འདྲེན་བྱས་ཡོད་པ་མ་ཟད།  འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་རྒྱ་རིགས་མང་པོ་ཞིག་བོད་ཆོལ་ཁ་གསུམ་གྱི་ས་ཁུལ་ཁག་ནང་གནས་སྦོར་བྱས་ཡོད་པའི་གནས་ཚུལ་བཀོད་འདུག  བཙན་བྱོལ་བོད་གཞུང་གི་འབྲེལ་ཡོད་མི་སྣ་ཞིག་ལ་ཡིག་ཆ་འདི་རྒྱ་ནག་གཞུང་ལ་སྤྲད་ཡོད་མེད་དྲི་བ་དྲིས་པར།  ཁོང་གིས “ངས་ཤེས་ཚོད་ལྟར་ན་ཡིག་ཆ་འདི་སྤྱི་ཚོགས་ཐོག་ཡོངས་ཁྱབ་བཀྲམས་ཡོད་ལས་་རྒྱ་ནག་གཞུང་ལ་ཐད་ཀར་སྤྲད་ཡོད་པ་མ་རེད་ཟེར།”  
རྒྱ་ནག་གཞུང་ནས་དམག་དཔུང་ཕྱིར་འཐེན་དང༌།  མི་རིགས་གཙང་སེལ་ཞེས་བོད་མིའི་མངོན་འདོད་ལ་འཁྱོག་བཤད་བྱས་པར་བཙན་བྱོལ་བོད་གཞུང་གིས་བདེན་པའི་ལན་འདེབས་ཞེས་པའི་ཡིག་ཆ་དེr གཟིགས་འདོད་ན་སྦྲེལ་ཐག་འདིར་མཐུད་རོགས།
http://www.tibet.net/tb/flash/2009/septem/response.pdf1 Comments so far ↓

  1. གྲོགས་པོ་དཔལ་ལྡན་རྒྱལ་ལགས།
    ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ངས་ད་ལྟ་ཆ་ཚང་ཀློག་ཐུབ་མ་སོང་བས་རྗེས་ལ་བལྟ་ཆོག ད་དང་མུ་མཐུད་ནས་ཟིན་བྲིས་བཀོད་རོགས་གནང་།

བསམ་ཚུལ་འབྲི་རོགས།

*