ཟིན་བྲིས་མཁན།

pg

ཟིན་བྲིས་མཁན་དཔལ་ལྡན་རྒྱལ་ནི་བོད་ནས་འཚར་ལོངས་བྱུང་ཅིང༌། རྒྱ་གར་དང་དབྱིན་ཡུལ་དུ་འཁྱམས་མཐར་༡༩༩༨ལོ་ནས་བཟུང་ཨ་རིར་ཡོད་པའི་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་པའི་འགན འཁུར་བཞིན་ཡོད། ཁོང་ནི་བོད་ཀྱི་དུས་བབ་གསར་ཤོག་དང༌། ལྗང་གཞོན་དུས་དེབ་གཉིས་གསར་དུ་འདོན་མཁན་གྲས་ཡིན་ལ།  ཁོང་གི་སྙན་རྩོམ་ཕྱོགས་བསྒྲིགས་{མཆོད་}དང༌། ཆབ་སྲིད་དཔྱད་རྩོམ་{སྐབས་ཐོག་གི་བསམ་གཞིགས་ཐོར་བུ}ཞེས་པའི་དེབ་གཉིས་ཡོད། གཞན་ཡང་ཨ་རིའི་ནང་གི་སྤྱི་འབངས་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་མཁན་དབུ་ཁྲིད་གཉིས་ཀྱི་གསུང་བཤད་ཁག་ཅིག་བོད་ཡིག་ནང་ཕབ་བསྒྱུར་གྱིས {ང་ལ་རྨི་ལམ་ཞིག་ཡོད་}ཅེས་པའི་དཔེ་དེབ་ཞིག་ཀྱང་པར་བསྐྲུན་བྱས་ཡོད།

ཟིན་བྲིས་འདིའི་ནང་གི་རྩོམ་ཡིག་དང༌། པར་རིས་སོགས་བརྒྱུད་བཀོད་བྱེད་ན་ཟིན་བྲིས་བདག་པོར་མཆན་ཆོག་ཞུ་རྒྱུ་དགོངས་འཇགས་ཞུ།